ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་དེ་སྔའི་ཨུ་རུ་སུར་ལད་ཟློས་བྱ་མི་ཉན་པའི་ཉེན་བརྡ་བཏང་འདུག


རྒྱ་ནག་གི་འགོ་ཁྲིད་ཚོས་དེ་སྔའི་ཨུ་རུ་སུ་འཐོར་ཞིག་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཨུ་རུ་སུའི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ནུབ་ཕྱོགས་ཀྱི་ལྟ་བས་ཤན་ཞུགས་པ་དང་། ཁོ་ཚོར་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་མི་མཐུན་པའི་གཏམ་བརྗོད་རང་དབང་གི་གོ་སྐབས་སྤྲད་པ་དེར་ཐུག་ཡོད། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རང་གི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ནུབ་ཕྱོགས་པའི་རང་དབང་དང་དམངས་གཙོ། གཏམ་བརྗོད་རང་དབང་བཅས་ཀྱིས་ཤན་ཞུགས་སྲིད་པ་འགོག་ཐབས་བྱས་ཏེ། རྒྱ་ནག་ནམ་ཡང་དེ་སྔའི་ཨུ་རུ་སུ་ལྟར་ཁ་འཐོར་དགུ་འཐོར་དུ་མི་འགྲོ་བའི་འབད་བརྩོན་བྱ་དགོས་ཞེས་གཞུང་འབྲེལ་ཡིག་ཆ་ཁག་ལ་དྲིལ་བསྒྲགས་བྱས་ཏེ། པེ་ཅིང་གི་དབང་འཛིན་པ་ཚོར་རྒྱ་ནག་དེ་སྔའི་ཨུ་རུ་སུའི་རྗེས་སུ་ཞུགས་སྲིད་པའི་བློ་འཚབ་ཡོང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG