བོད།

བླ་བྲང་བསང་ཆུ་རྫོང་གི་བོད་པ་དྲུག་ལ་བཙོན་འཇུག་གི་ཁྲིམས་ཐག

པར་གཞིའི་ཚད། - +
རྒྱ་ནག་གཞུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བླ་བྲང་བསང་ཆུ་རྫོང་གི་བོད་པ་དྲུག་ལ་མི་བསད་པ་དང་ཉེན་རྟོག་པའི་སྲོག་སྐྱོབ་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ནག་ཉེས་བཙུགས་ཏེ། བོད་པ་དེ་དག་ལ་ལོ་༡༢་ནས་ལོ་༣་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ཡང་ཕྱི་ཟླ་༡་ཚེས་༣༡་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། པདྨ་དོན་གྲུབ་དང་སྐལ་བཟང་རྒྱ་མཚོ། པདྨ་འཚོ་དང་ལྷ་མོ་དོན་གྲུབ་བཅས་ལ་བསམ་བཞིན་མི་བསད་པའི་ནག་ཉེས་ཡོད་པས། པདྨ་དོན་གྲུབ་ལ་ལོ་༡༢་དང་སྐལ་བཟང་ལ་རྒྱ་མཚོ་ལོ་༡༡། པདྨ་འཚོ་ལོ་ལ་༨་དང་ལྷ་མོ་དོན་གྲུབ་ལ་ལོ་༧་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ད་དུང་གདུགས་དཀར་རྒྱལ་ལ་༤་དང་གཡང་མོ་སྐྱིད་ལ་ལོ་༣་གྱི་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་ཡོད་ཅིང་། ཕྱི་ལོ་༢༠༡༢་ལོའི་ཟླ་བ་༡༠་བའི་ཚེས་༢༣་ཉིན་བླ་བྲང་དགོན་པའི་ལྷ་སྡེའི་ཞོལ་མའི་ནང་ཚན། རང་ལོ་༥༨་ལ་སོན་པའི་ཟ་ཡུས་ནང་སྡེ་བ་གོང་མའི་རྡོ་རྗེ་རིན་ཆེན་གྱིས་བསང་ཆུ་རྫོང་མི་དམངས་བཅིངས་འགྲོལ་དམག་གསར་འཇུག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་པ་དང་། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣ་སོགས་ཀྱིས་རྡོ་རྗེ་རིན་ཆེན་གྱི་ཕུང་པོ་བཙན་འཕྲོག་བྱེད་རྩིས་བྱས་ཀྱང་ས་གནས་ཀྱི་བོད་པ་ཚོས་འདས་པོ་དེའི་ཕུང་པོ་རྒྱ་ལག་ལ་ཤོར་དུ་མ་བཅུག་པར་རང་ཁྱིམ་ལ་འཁྱེར་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་པདྨ་དོན་གྲུབ་དང་སྐལ་བཟང་རྒྱ་མཚོ་སོགས་མི་དྲུག་ལ་བསམ་བཞིན་མི་བསད་པ་མ་ཟད། ཁོང་ཚོས་རྒྱལ་ཁབ་ཀྱི་ཉེན་རྟོག་པར་བསྙད་འཚོལ་ཟིང་ཆ་བསླངས་པའི་ནག་ཉེས་བཙུགས་ནས་ཁྲིམས་ཐག་བཅད་ཡོད་པ་རེད།།
བླ་བྲང་བསང་ཆུ་རྫོང་གི་བོད་པ་དྲུག་ལ་བཙོན་འཇུག་གི་ཁྲིམས་ཐག
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། མཁར་འཕགས་ཀྱི་དྲ་བརྙན་གླེང་སྟེགས།

བོད་མདོ་ཁམས་རྫ་ཆུའི་ཁ་ནས་འབྲོག་པའི་འཚོ་བ་རོལ་ཏེ་འཚར་ལོངས་བྱུང་བ་དང་། ད་ལྟ་ཡུ་རོབ་ནང་གནས་སྡོད་བོད་མི་མཁར་འཕགས་ལགས་ཀྱིས་༼མཁར་ནང་གི་སྐད་སྒྲ་༽ཞེས་པའི་དྲ་བརྙན་གླེང་སྟེགས་གསར་འཛུགས་ཀྱིས། ཡུ་རོབ་ཁུལ་གྱི་བོད་དོན་དང་འབྲེལ་བའི་གསར་འགྱུར་སྙན་སྒྲོན་དང་། བརྗོད་གཞི་འདྲ་མིན་ཐོག་བོད་མི་རབ་འབྲིང་མཐའ་གསུམ་དང་བརྙན་པར་རྒྱུད་གཏམ་གླེང་ལེ་ཚན་གཙོ་སྐྱོང་བྱེད་པ། བོད་ཀྱི་དབུ་ཁྲིད་ཚོ་དང་ཆབ་སྲིད་ལས་འགུལ་བའི་བཀའ་སློབ་གཙོ་འདོན་སོགས། བོད་མི་སྒེར་བ་ཞིག་གིས། དྲ་བརྙན་ཟིན་བྲིས་རྒྱུད་དེ་དྲ་བརྙན་གླེང་སྟེགས་གསར་འཛུགས་གནང་མཁན་ཐོག་མའི་གྲས་ཡིན། མཁར་འཕགས་ལགས་ཀྱིས་བརྗོད་ན་༼མཁར་ནང་གི་སྐད་སྒྲའི་༽ནང་དུ་ལངས་ཕྱོགས་མེད་པའི་ཐོག་ནས་བོད་མི་ཚོར་མི་རིགས་ཀྱི་བསམ་བློའི་འདུ་ཤེས་བསྐྱར་གསོ་བྱ་བར་རེ་བ་དང་དམིགས་ཡུལ་བཟུང་ཡོད་པ་རེད། http://vokn.blogspot.com

འབྲེལ་མཐུད་བརྒྱུད་ལམ།