ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཁེ་ཎ་ཌས་རྒྱ་ནག་གཞུང་གྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་རྣམས་ལ་དམ་དྲག


ཁེ་ཎ་ཌའི་སྲིད་བློན་མཆོག ཡུལ་དེའི་བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ཀྱི་འབད་བརྩོན་དང་འབྲེལ། དྲག་པོའི་སྦྱོང་བརྡར་ཞིག་ལ་གཟིགས་ཞིབ་གནང་རྒྱུའི་ཆེད་དུ། ཁེ་ཎ་ཌའི་བྱང་སྣེའི་ས་ཁུལ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པའི་སྐབས། གསོ་མྱུལ་གྱི་ལས་དོན་སྤེལ་གྱི་ཡོད་པའི་བློ་འཚབ་ཀྱི་འོག རྒྱ་ནག་གཞུང་གཉེར་གྱི་གསར་འགྱུར་ལས་ཁང་ཁག་གི་གསར་འགོད་པ་རྣམས་སྲིད་བློན་མཆོག་གི་ཕྱོགས་ཕེབས་ཀྱི་མཛད་འཆར་སྐོར་གནས་ཚུལ་འགོད་སྤེལ་བྱ་རྒྱུའི་ཆེད་དུ། སྲིད་བློན་གྱི་སྐུ་བཅར་བ་རྣམས་དང་ལྷན་བཅར་ཞུ་མི་ཆོག་ པའི་བཀག་བསྡོམས་གནང་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འཕྲིན་ཁག་ཏུ་ ཐོན་པའི་གནས་ཚུལ་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG