ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲྭ་དཀོན་མཆོག་ཉི་མ་བཙོན་འཇུག་གི་བཅད་ཁྲ་བཏང་པ་ནས་བཟུང་གར་སོང་ཆ་མེད་དུ་གྱུར།


ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ ནས་འགོ་བཙུགས་ཏེ། བོད་ས་ཡོངས་རྫོགས་ཀྱི་ནང་བོད་མི་རྣམས་ཀྱིས་རྒྱ་ ནག་གཞུང་ལ་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་ཁྱབ་གདལ་དུ་སོང་ པ་དེའི་འགོ་ཁྲིད་གཙོ་བོ་དེ་ཡིན་ཞེས། རྒྱ་ནག་གཞུང་གིས་གདན་ས་ཆེན་པོ་ འབྲས་སྤུངས་དགོན་པའི་དགེ་འདུན་པ་དཀོན་མཆོག་ཉི་མ་ལགས་སུ་ནག་ཉེས་ བཙུགས་ཏེ། ལོ་དེའི་ཕྱི་ཟླ་བཞི་པའི་ནང་དོ་དམ་བྱས་པ་དང་། ལོ་ངོ་གཉིས་ཀྱི་ མཇུག་ཏུ། ཁོང་ལ་ལོ་ཉི་ཤུའི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཡིན་ ལུགས་གསལ་བསྒྲགས་བྱས་པ་ནས་བཟུང་། ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་ པའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་ སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG