བོད།

དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་བོད་དོན་གླེང་སློང་།

པར་གཞིའི་ཚད། - +
ཕྱི་ཟླ་༢་ཚེས་༡༧་ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བླ་བྲང་བསང་ཆུ་རྫོང་གི་རྒན་གྱའི་རི་སྔོན་གྱི་བུ་ཕྲུག་བཞིའི་ཕ་སྟེ། རང་ལོ་༤༩་ལ་སོན་པའི་གནམ་ལྷ་ཚེ་རིང་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དང་། དེའི་གོང་གི་ཕྱི་ཚེས་༡༣་ཉིན་ཀན་ལྷོ་བོད་རིགས་རང་ཁུལ། གཙོས་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་ཀླུ་ཤོད་སྐྱི་ནང་སྡེ་བའི་འབྲུག་པ་མཁར་ཟེར་པ་ཞིག་དང་། ཡང་ཉིན་དེར་བལ་ཡུལ་གྱི་མཆོད་རྟེན་ཆེན་པོ་བྱ་རུ་ཁ་ཤོར་གྱི་སྐོར་ལམ་ནང་དུ་སྒྲུབ་ཆེན་ཚེ་རིང་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་བརྩིས་ཚེ། ད་བར་བོད་ཕྱི་ནང་གཉིས་སུ་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་ལ་ངོ་རྒོལ་དང་། ཁོང་ཚོ་མང་ཆེ་བས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་བོད་ལ་རང་དབང་དགོས། བོད་པ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཞེས་སྐད་འབོད་བྱས་ཡོད་པ་རེད། དེར་བརྟེན་དབྱིན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་གསར་འགོད་གསལ་བསྒྲས་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཁུངས་མ་འཁྱོལ་པ་དེར་བསྐྱར་ཞིབ་བྱེད་དགོས་པ་དང་། ད་བར་བོད་པ་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་བ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེར་ཐུག་ཡོད་པ་མ་ཟད། བོད་ཀྱི་ས་གནས་མང་དག་ཅིག་ལ་བོད་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་ཡང་རྒྱ་ནག་གི་བཙན་དྲག་སྲིད་ཇུས་ལ་ཐུག་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ལ་བརྩི་འཇོག་བྱེད་རྒྱུ། བོད་མི་དམངས་ལ་གཏམ་བརྗོད་རང་དབང་དང་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱེད་པའི་ཆོག་རང་དབང་སྤྲོད་དགོས། འགྲོ་བ་མི་སྤྱི་མཚུངས་ལ་ཡོད་པའི་བསམ་བློའི་རང་དབང་དང་ཆོས་དད་རང་དབང་གི་བོད་མི་དམངས་ལའང་ཡོད་དགོས། རྒྱ་ནག་གཞུང་གིས་འཕྲལ་དུ་བོད་མི་མང་གི་སྡུག་བསྔལ་ཅི་ཡིན་ཞིབ་འཇུག་བྱས་ཏེ། བོད་མི་དམངས་ཀྱི་ངོ་ཚབ་མཚོན་པའི་འབྲེལ་ཡོད་མི་སྣ་ཚོར་གྲོས་མོལ་རྒྱུ། ཕྱི་རྒྱལ་གྱི་གསར་འགོད་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་ཚོགས་ཁག རྒྱལ་སྤྱིའི་རྟོག་ཞིབ་པ་ཚོར་བཀག་འགོག་མེད་པར་བོད་ལ་འགྲོ་སྐྱོད་ཆོག་པའི་རང་དབང་སྤྲོད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།
དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་བོད་དོན་གླེང་སློང་།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.

འབྲེལ་མཐུད་བརྒྱུད་ལམ།