ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གི་བྱམས་བརྩེའི་གྲོང་ཁྱེར་འཛུགས་ཐབས་ཀྱི་བཀའ་སློབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོང་ཁྱེར་རོ་ཆས་ཀྲར་དང་ཨ་ན་ཧེམ། ལུའི་ཝེལ་བཅས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་རྣམས་མ་ཡོ་སྨན་ཁང་དུ་བཅར་ནས་གྲོང་ཁྱེར་དེ་དག་བྱམས་བརྩེའི་གྲོང་ཁྱེར་ཅན་དུ་བསྒྱུར་ཐབས་སུ་༧གོང་ས་མཆོག་ལ་བཀའ་སློབ་ཞུས་འདུག་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་པ་རྣམས་ལ་བཀའ་སློབ་བསྩལ་པའི་སྙིང་དོན་དེར་ཉེ་དུས་སྐྱབས་བཅོལ་བའི་དཀའ་རྙོག་ཚུད་པའི་འཛམ་གླིང་འདིར་དཀའ་སྡུག་ཅི་རིགས་ཤིག་ཡོད་པ་དེ་དག་ང་ཚོས་མཐོང་ཐོས་སུ་གྱུར་ཡོད། སྐྱོན་དེ་དག་གང་ནས་ཡོང་གི་ཡོད་པ་དེར་རྩད་གཅོད་བྱ་དགོས་ཞེས་གསུངས་འདུག ཨ་རིའི་མངའ་སྡེ་ཀ་ལི་ཧྥོ་ཎི་ཡའི་གྲོང་ཁྱེར་ཨ་ན་ཧེམ་གྱིས་ལོ་ཤོས་གོང་ནས་ཞི་བ་དང་བྱམས་བརྩེའི་གྲོང་ཁྱེར་ལ་བསྒྱུར་ཐབས་ཀྱི་ལས་རིམ་འགོ་འཛུགས་ཟིན་ཏེ། ད་ལམ་གྲོང་ཁྱེར་གཞན་ཁག་གི་སྤྱི་ཁྱབ་ཚོས་སོ་སོས་ཀྱང་རང་གི་གྲོང་ཁྱེར་ཁག་ཞི་བ་དང་བྱམས་བརྩའི་གྲོང་ཁྱེར་ཅན་དུ་བསྒྱུར་ཐབས་ཀྱི་འབད་བརྩོན་གནང་བཞིན་པ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་གནང་ནས་གསུངས་དོན། འཛམ་གླིང་འདིར་བྱམས་བརྩེའི་བསམ་བློ་ཡོད་མཁན་མང་དུ་གཏོང་རྒྱུར་འཆར་གཞི་ལྡན་པའི་འབད་བརྩོན་བྱ་གལ་ཆེ་ཞིང་། ཐབས་ལམ་དེ་དག་ཆོས་དད་ཡོད་མིན་ལ་མ་ལྟོས་པར་འཛམ་གླིང་གི་མི་མང་ཐེར་འབུམ་བདུན་ཡོད་པ་ཚང་མ་མཉམ་ཁྲིད་བྱ་ཐུབ་པ་ཞིག་ཡིན་དགོས་ཞེས་གསུངས་འདུག

XS
SM
MD
LG