ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པ་ཀི་སི་ཐན་གྱིས་འཇིགས་སྐུལ་པ་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


པ་ཀི་སི་ཐན་གྱི་མཐའ་མཚམས་ཁག་ཏུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོ་སྐུང་ཡོད་པ་དང་། ཁོ་ཚོས་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན་གྱི་མཐའ་མཚམས་ཁག་ཏུ་ཟིང་འཁྲུག་བསླངས་ཏེ། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་ལ་ཞི་བདེ་བརྟན་ལྷིང་ཡོང་དུ་འཇུག་གི་མེད་ཅིང་། ཕྱི་ཟླ་༢་ཚེས་༡༢་ཉིན་པ་ཀི་སི་ཐན་གྱི་དམག་སྤྱི་བྷ་ཇི་ཝས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་ཚོས་ཧྥ་རུཀ་བྷ་ཏིའམ། རྒྱ་གར་གླིང་ཟུར་ཧྲིལ་བོའི་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགོ་ཁྲིད་གཞོན་པ་མུ་ས་ཎ་ཚུད་པའི་འཇིགས་སྐུལ་རིང་ལུགས་པ་༩༧་འཛིན་བཟུང་བྱས་པ་ཡིན། འཇིགས་སྐུལ་པ་དེ་དག་གི་གྲས་སུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་དཔལ་འབྱོར་འདུ་འགོད་པ་༡༢་དང་འབར་རྫས་བཟོ་མཁན་བཅོ་ལྔ། ཨབ་གྷ་ཎི་སི་ཐན་ས་གནས་ཀྱི་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་བཅས་འདུག

XS
SM
MD
LG