ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཎིའུ་ཧམ་ཕུ་ཤ་ཡེར་མངའ་སྡེ་བྷར་ཎི་སན་ཌར་དང་ཊི་རམ་ཕུ་གཉིས་ལ་ཐོབ།


ཁ་སང་ཕྱི་ཟླ་༢་ཚེས་༩་ཉིན་ཨ་མི་རི་ཀའི་ཎིའུ་ཧམ་ཕུ་ཤ་ཡེར་མངའ་སྡེར་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་སྲིད་འཛིན་འོས་མིར་སྔོན་འགྲོའི་འོས་ཤོག་འཕངས་ཏེ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་བྷར་ཎི་སན་ཌར་ལ་འོས་ཤོག་བརྒྱ་ཆ་༦༠་ཐམ་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཌོ་ནལ་ཊི་རམ་ཕུ་འོས་ཤོག་བརྒྱ་ཆ་༣༥་ཐོབ་ཡོད་ཅིང་། ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཚོར་ཕམ་ཉེས་བྱུང་བ་དང་། ཎིའུ་ཧམ་ཕུ་ཤ་ཡེར་མངའ་སྡེའི་སྔོན་འགྲོའི་འོས་འདེམས་ཀྱིས་ཨ་མི་རི་ཀའི་མི་དམངས་རྣམས་སྲོལ་རྒྱུན་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ལ་ཡི་ཐང་ཆད་ཡོད་པའི་རྣམ་པ་གསལ་བོ་ཐོན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG