ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁུ་རུ་ཟི་ལ་རྒྱལ་ཁ་ཐོབ་པ་དང་ཊི་རམ་ཕུ་ཕམ། ཧི་ལ་རི་དང་སན་ཌར་གཉིས་འདྲ་མཉམ།


ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་སྲིད་འཛིན་འོས་མི་གཏན་འབེབས་མ་བྱས་གོང་། སྲིད་འཛིན་གྱི་འོས་མིར་འགྲན་ཞུགས་བྱེད་མཁན་རྣམས་ཨ་མི་རི་ཀའི་མངའ་སྡེ་ཁག་ལ་སྐོར་སྐྱོད་བྱས་ཏེ། ཁོང་ཚོར་ཨ་མི་རི་ཀའི་མངའ་སྡེ་རེ་རེ་ནང་དུ་སྔོན་འགྲོའི་འོས་ཤོག་འཕངས་ནས་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ་བྱ་དགོས་ཤིང་། ད་བར་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་ཚོའི་གྲས་སུ་འབྱོར་ལྡན་པ་ཌོ་ཎལ་ཊི་རམ་ཕུ་ཨང་དང་པོར་བསླེབས་ཀྱང་། ཕྱི་ཟླ་༢་ཚེས་༡་ཉིན་ཨ་མི་རི་ཀའི་ཨ་ཡོ་ཝ་མངའ་སྡེར་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མིར་སྔོན་འགྲོའི་འོས་འདེམས་ཐེངས་དང་པོ་བྱས་ཏེ། ཨ་མི་རི་ཀའི་ཊེཀ་སི་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊེ་ཊི་ཁུ་རུ་ཟི་ལ་སྔོན་འགྲོའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་། དམངས་གཙོ་ཚོགས་པའི་སྲིད་འཛིན་མི་འོས་གཙོ་གྲས་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་དང་ཝར་མོན་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་གཉིས་ལ་འོས་ཤོག་མང་ཉུང་གི་ཁྱད་པར་དེ་ཙམ་མེད་པ་རེད།།

XS
SM
MD
LG