ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱིས་དམངས་གཙོ་ཡར་ཐོན་ཚོགས་ཁོངས་ཤིག་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས།


ཕྱི་ཟླ་གཉིས་པའི་ཚེས་༡ རེས་གཟའ་ཟླ་བའི་ཉིན་ ཐེ་ཝན་གྱི་གྲོས་ཚོགས་ཀྱིས་ དམངས་གཙོ་ཡར་ཐོན་ཚོགས་ཁོངས་ཀྱི་འཐུས་མི་ཞིག་ གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱས་ཡོད་པ་དེ་ནི་ ད་ཕན་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་ཡིན་ཞིང་ ཚོགས་གཙོ་གསར་པ་སཱུ་ ཅཱ་ ཅཱུའྣ་གྱིས་ ད་རེས་གྲོས་ཚོགས་ཀྱི་སྲིད་དབང་ལ་འཕོ་འགྱུར་ཕྱིན་པའི་གནས་ཚུལ་ཐོག་མ་དེ་ཡིན་པས་ རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་གྲོས་ཚོགས་གསར་པར་ རེ་བ་ཧ་ཅང་ཆེན་པོ་བཅོལ་རྒྱུ་ཡིན་སྟབས་ ང་ཚོས་ཁོང་ཚོའི་རེ་བ་སྟོང་ཟད་དུ་མ་འགྲོ་བ་ཞིག་ངེས་པར་དུ་བྱེད་དགོས་པ་ཡིན་ཞེས་ གསར་འགོད་པ་རྣམས་ལ་འགྲེལ་བརྗོད་བྱས་ཡོད་འདུག་ ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་ ཕྱི་ཟླ་དང་པོའི་ཚེས་༡༦ཉིན་གྱི་གྲོས་ཚོགས་དང་ སྲིད་འཛིན་འོས་བསྡུའི་ནང་ཚོད་དཔག་ལས་བརྒལ་བའི་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ གྲོས་ཚོགས་ཀྱི་ནང་ འཐུས་མིའི་གདན་གྲངས་ཁྱོན་༡༡༣ཡོད་ཁོངས་ནས་༨༩ཐོབ་སྟེ་ ད་རེས་ཐོག་མ་ ཚོགས་པ་དེ་བཞིན་ འཐུས་མི་གྲངས་མང་གི་གནས་བབས་སུ་གྱུར་ཡོད་པ་ཙམ་མ་ཟད་ ཚོགས་པའི་དབུ་ཁྲིད་ལྕམ་ཚཱ་འི་ ཨིང་ཝེན་ ཡུལ་དེའི་བུད་མེད་སྲིད་འཛིན་ཐོག་མར་དེར་གྱུར་ཡོད་ཅིང་ ད་ལྟའི་གོ་མིང་ཏང་ཚོགས་ཁོངས་ཀྱི་སྲིད་འཛིན་མཱ་ཡིང་ཇུ་ཡི་ལས་དུས་ ཕྱི་ཟླ་ལྔ་པར་གཙང་རྒྱུ་ཡིན་པ་དེ་སྐབས་ ལྕམ་ཚཱ་འི་ཡིས་ཐེ་ཝན་གྱི་སྲིད་འཛིན་གསར་པའི་མཛད་འཁུར་དངོས་སུ་བཞེས་རྒྱུ་ཡིན་པ་རེད།

XS
SM
MD
LG