ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱལ་སྤྱི་ཡིས་ཛི་ཁ་གཉན་ནད་ཛ་དྲག་གདོང་ལེན་དགོས་མིན་ལ་གྲོས་མོལ་བྱེད་བཞིན་པ།


ཛི་ཁ་Zika ཟེར་བའི་གཉན་ནད་དེ་ལུང་པ་མང་པོའི་ནང་ཁྱབ་བཞིན་ཡོད་པར་བརྟེན། དེ་རིང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ན་ཚ་དེ་ཛ་དྲག་གི་གདོང་ལེན་བྱེད་དགོས་པའི་ན་ཚའི་གྲས་སུ་བརྩི་དགོས་མིན་ལ་གྲོས་མོལ་བྱེད་བཞིན་ཡོད་པ་རེད། རྒྱལ་ཚོགས་ཀྱིས་བརྗོད་པ་ལྟར་ན། ད་བར་ན་ཚ་དེ་ཁྱབ་པའི་ལུང་པ་༢༢་བྱུང་ཡོད་པ་རེད། གཉན་ནད་དེ་ཡིས་མ་ཡི་མངལ་དུ་ཡོད་པའི་བྱིས་པ་རྣམས་ཀྱི་དབང་པོ་ལ་སྐྱོན་བཟོ་གི་ཡོད་པར་བརྟེན་ནད་འདིའི་ཉེན་ཁ་ཆེ་ཤོས་དེ་མ་ཡི་ལུས་མངལ་དུ་ཡོད་པའི་བྱིས་པ་རྣམས་ཡིན་པ་རེད། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG