ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཝི་ཏི་ནམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་རྡོ་སྣུམ་འདོན་སྤེལ་བྱེད་རྒྱུའི་འཕྲུལ་ཆས་དེ་ཕྱིར་འཐེན་དགོས་ཞེས་བརྗོད།


ཝི་ཏི་ནམ་སྲིད་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་་ཝི་ཏི་ནམ་གྱི་ཁྱབ་ཁོངས་ས་ཁུལ་དུ་རྒྱ་ནག་གཞུང་གིས་རྡོ་སྣུམ་འདོན་སྤེལ་བྱེད་རྒྱུའི་འཕྲུལ་ཆས་དེ་་བསྐྱར་འཛུགས་བྱེད་ཀྱི་ཡོད་པ་དེ་འཕྲལ་དུ་ཕྱིར་འཐེན་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་འཕྲུལ་ཆས་བསྐྱར་འཛུགས་བྱས་པ་འདི་ནི། ཟླ་བ་འདིའི་ནང་རྒྱ་ནག་གི་ཕྱོགས་ནས་་་ཝི་་ཏི་ནམ་ལ་ཁོང་ཁྲོ་སློང་རྒྱུའི་བྱ་སྤྱོད་མང་པོ་སྤེལ་བའི་ནང་གི་རྗེས་ཤོས་དེ་ཆགས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG