ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྡོ་སྣུམ་ལྕགས་ཟོམ་གང་གི་རིན་གོང་ཨ་སྒོར་༢༨་ཀྱི་འོག་ཏུ་ཆག་པ།


འདས་པའི་ལོ་ཤས་རིང་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཏེ། ཟླ་ཤས་གོང་དུ་ཨི་རན་གྱིས་རང་གི་རྡུལ་ཕྲན་ལས་གཞིར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གྲོས་མཐུན་བཞག་ཅིང་། ད་ལྟ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དངོས་སུ་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕྱིར་འཐེན་བྱས་ཡོད་པས། རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་རྡོ་སྣུམ་གྱི་རིན་གོང་མར་ཆག་པ་དང་། ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་རྡོ་སྣུམ་ལྕགས་ཟོམ་གང་གི་རིན་གོང་ཨ་སྒོར་༢༨་ཀྱི་འགོ་ཏུ་ཆག་ཀྱང་། ལོ་ངོ་གཉིས་ཀྱི་གོང་དེར་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་རྡོ་སྣུམ་ལྕགས་ཟོམ་གོང་གི་རིན་གོང་ཨ་སྒོར་༡༠༠་ཡས་མས་ལ་འཕར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG