ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་འཛིན་ཨ་བྷ་མས་རྒྱལ་དོན་སྲི་ཞུ་ལས་དོན་སྙན་ཞུའི་གསུང་བཤད་གནང་བ།



རེས་གཟའ་མིག་དམར་ཉིན་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ལ་འདས་པའི་ལོ་བདུན་གྱི་གྲུབ་འབྲས་དང་མ་འོངས་པར་ཨ་རིའི་མདུན་ལམ་བཟང་དུ་གཏོང་ཕྱོགས་ལ་རང་གི་འཆར་སྣང་བཅས་ཀྱི་སྐོར་ཚོུད་གཅིག་ལྷག་ཙམ་རིང་གསུང་བཤད་གནང་འདུག་པ་དང་། ད་ལམ་གྱི་གསུང་བཤད་དེ་སྲིད་འཛིན་ཨོ་བྷ་མས་ལོ་འཁོར་རྒྱལ་དོན་སྲི་ཞུ་ལས་དོན་སྙན་སྒྲོན་མཐའ་མ་དེ་ཡིན་པ་རེད། སྲིད་འཛིན་ཨོ་བྷ་མས་ཆོས་ལུགས་དང་མི་རིགས་ལ་དམིགས་ཚད་བཟུང་བའི་ཆབ་སྲིད་ལ་སྐྱོན་བརྗོད་ཤུགས་ཆེར་གནང་འདུག་པ་དང་། དེ་ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཁོངས་ནས་སྔོན་དུ་ཕྱོགས་བཞིན་པ་ཌོ་ནལྜ་ ཀྲམ་གྱིས་ཁ་ཆེའི་མི་རིགས་ཨ་རིའི་ནང་གཞིས་ཆགས་ཡོང་མཁན་ཚོར་སྡང་ཟུག་བྱས་པ་དེར་སྐྱོན་བརྗོད་གནང་བ་ཞིག་ཡིན་པ་རེད། སྲིད་འཛིན་ཨོ་བྷ་མའི་གསུང་བཤད་ལ་སྤྱི་མཐུན་ཚོགས་པའི་ལན་འདེབས་དེ་བྱང་ཀེ་རོ་ལོ་ནའི་སྲིད་སྐྱོང་ནིཀྐི་ ཧཱ་ལེས་གནང་འདུག་པའི་ནང་སྲིད་འཛིན་ཨོ་བྷ་མས་ཁས་ལེན་གནང་བ་བཞིན་ལས་དོན་གནང་མ་སོང་ཞེས་གསུངས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG