ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གཞུང་གིས་སི་ཝེ་ཌན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་དོ་དམ་བྱས་ཡོད་པ།


རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་བཟོ་གཞི་ཡིན་པའི་དོགས་པ་བྱས་ཏེ་ རྒྱ་ནག་གཞུང་གིས་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ཞིག་གི་ལས་མི་ སི་ཝེ་ཌེན་གྱི་མི་སེར་ཞིག་དོ་དམ་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་པ་དང་ འདི་ནི་ དེང་སྐབས་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་སྒྲིག་འཛུགས་ཁག་ལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཀྱང་ཡིན་པ་རེད་ དེ་ཡང་ མིང་ལ་ཕྷི་ཊར་ བྷེག་ཀེན་རིཇ་ཞུ་བའི་ སི་ཝེ་ཌེན་གྱི་མི་དེ་ནི་ ༼Chinese Urgent Action Working Groupཞེས་པ་ གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་སྣེ་ཡིན་ཞིང་ ཁོང་ཕྱི་ཟླ་དང་པོའི་ཚེས་བཞིའི་ཉིན་ པེ་ཅིང་གི་གནམ་ཐང་དུ་ ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ལུགས་ ཁོང་དང་ཉེ་འབྲེལ་ཆེ་བའི་མི་ཞིག་གིས་རྗོད་ཀྱི་ཡོད་པའི་སྐོར་ ཨ་མི་རི་ཀར་རྟེན་གཞི་བྱེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་AFPགསར་སྤེལ་ཁང་ལ་འགྲེལ་བརྗོད་བྱས་ཡོད་འདུག

XS
SM
MD
LG