ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལོ་བདུན་བཙོན་འཇུག་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་པ།


རྒྱ་ནག་གཞུང་གིས་མི་རིགས་དབར་འགལ་ཟླ་སློང་མཁན་དང་སྤྱི་ཚོགས་བརྟན་བརླིང་ལ་གཏོར་བཤིག་གཏོང་མཁན་ཡིན་པ་ཉེས་འཛུགས་བྱས་ཏེ་ལོ་ངོ་བདུན་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བོད་ཀྱི་ཚབ་སྲིད་བཙོན་པ་སྐལ་བཟང་མཁས་གྲུབ་ལགས་ཟླ་བ་འདིའི་ནང་གློད་བཀྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་འདུག

སྤྱི་ལོ་༢༠༠༩ལོར་འཛིན་བཟུང་བྱས་ཅིང་ལོ་གཅིག་ཙམ་ལ་གར་སོང་ཆ་མེད་དུ་གྱུར་བའི་རྗེས། སི་ཁྲོན་མཱེ་ཡཱང་བཙོན་ཁང་དུ་ལོ་ངོ་བདུན་གྱི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་སྐལ་བཟང་མཁས་གྲུབ་ལགས་ནི་དཀར་མཛེས་རྫོང་། མདའ་མདོ་ཞང་རབ་དཀར་གྲོང་ཚོ། རུ་ཁག་དྲུག་པ་ནས་ཡིན་ཞིང་། ཟླ་བ་འདིའི་ཚེས་ལྔའི་ཉིན་ལ་བཙོན་བཀྲོལ་བྱུང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་བའི་སྐབས་སུ། ནང་མི་སྤུན་ཟླ་དང་སྡེ་མི་ཚོས་ཁ་བཏགས་དཀར་བོས་བསུ་མ་བྱས་འདུག འབྲེལ་ཡོད་གནས་ཚུལ་མཁོ་འདོན་པ་ཞིག་གིས་བརྗོད་ན། ད་ལྟ་སྐལ་བཟང་མཁས་གྲུབ་ལགས་དབུགས་འཚང་བའི་གནས་སྟངས་འོག་སྨན་བཅོས་བྱེད་བཞིན་པ་རེད།

སྐལ་བཟང་མཁས་གྲུབ་ལགས་ལ་མིང་སྲིང་ལྔ་ཡོད་པ་ལས། མིང་སྲིང་གཉིས་སྤྱི་ལོ་༢༠༠༨ལོའི་ཞི་བའི་ངོ་རྒོལ་ལ་ཞུགས་ཏེ་བཙོན་ཁང་དུ་བཙོན་འཇུག་གི་ཁྲིམས་ཐག་བཅད་མྱོང་བ་དང་། ཁོང་ནི་ཡང་རྒྱ་གར་དུ་ཡོང་མྱོང་བའི་བོད་མི་ཞིག་ཡིན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG