ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་ལ་རྡོ་སྣུམ་དཀའ་ངལ་འཕྲད་ཀྱི་ཡོད་པ་དེའི་ནང་བོད་མིར་དཀའ་ངལ་དེ་བས་ཆེ་བ་འཕྲད་ཀྱི་ཡོད་པ།


བལ་ཡུལ་གྱིས་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་པ་དང་འབྲེལ་ཏེ་ ཡུལ་དེའི་ནང་ཟང་ཟིང་གི་གནས་ཚུལ་མང་པོ་ཞིག་བྱུང་བའི་རྗེས་སུ་ ཕྱི་ཟླ་དགུ་པའི་ནང་རྒྱ་གར་གཞུང་གིས་བལ་ཡུལ་ལ་རྡོ་སྣུམ་དང་ ས་སྣུམ་ལ་སོགས་པ་སྐྱེལ་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་སྟབས་ ད་ལྟ་བལ་ཡུལ་ལ་སྣུམ་མི་ལྡེང་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཙམ་མ་ཟད་ དེ་མིན་སྨན་དང་ ཟས་རིགས་སོགས་གཞི་རྩའི་དགོས་མཁོའི་རིགས་ཀྱང་ལྡེང་ངེས་མེད་པའི་དཀའ་ངལ་འཕྲད་ཚབས་ཆེ་རུ་ཕྱིན་ཡོད་པ་རེད་ ཕ་ཡུལ་དྲ་གནས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན་ དེ་ལྟར་རྒྱུན་མཁོའི་དངོས་ཟོག་གི་རིགས་ལྡེང་ངེས་མེད་པའི་རྐྱེན་གྱིས་ བལ་ཡུལ་གྱི་ཡུལ་མི་སྤྱི་བྱིངས་རྣམས་ཀྱི་འཚོ་བ་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་དང་ ལྷག་པར་དུ་ ཡུལ་དེའི་ནང་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་ དེ་འདྲའི་དཀའ་ངལ་ནི་དེ་བས་ཆེ་བ་འཕྲད་ཀྱི་ཡོད་འདུག

XS
SM
MD
LG