ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོན་ཀོང་གི་གཞི་རྩའི་བཅའ་ཁྲིམས་དང་འབྲེལ་བའི་སྙན་ཐོ།


རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་རང་སྐྱོང་ས་ཁུལ་དུ་འཛིན་པའི་གཞི་རྩའི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པ། དེ་རྩ་འཛིན་ལག་བསྟར་བྱེད་བཞིན་ཡོད་མེད་ཀྱི་ཐད་ཨ་མེ་རི་ཀའི་ཉམས་ཞིབ་སྡེ་ཚན་ཞིག་གིས། ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ། ཧོན་ཀོང་གི་དམངས་གཙོའི་འོས་བསྡུའི་ལམ་ལུགས་དང་གསར་འགོད་རང་དབང་། སློབ་གསོ་རང་དབང་བཅས་ལ་བློ་འཚབ་ཡོད་པའི་ནན་བརྗོད་བྱས་ཡོད་འདུག དེ་ཡང་སྤྱི་ལོ་༡༩༩༧ལོར་ཧོང་ཀོང་དེ་དབྱིན་ཇིའི་མངའ་ཁོངས་ནས་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་པའི་སྐབས་༼ཧོང་ཀོང་རང་སྐྱོང་ས་ཁུལ་ལ་གཞི་རྩའི་བཅའ་ཁྲིམས་ཤིག་གཏན་འབེབས༽་བྱེད་ཡོད་པ་དེ་རྒྱ་ནག་གཞུང་གིས་ད་ལྟ་ཧོང་ཀོང་ནང་རྩ་འཛིན་བྱེད་བཞིན་ཡོད་མེད་ཐད། ཁ་ས་ཚེས་༡༨ཉིན་༼ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་སྲུང་བསྐྱར་ཞིབ་ལྷན ཚོགས་༽ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་ཧོང་ཀོང་གི་དམངས་གཙོའི་འོས་བསྡུ་རང་དབང་དང་གསར་འགོད་རང་དབང། སློབ་གསོ་རང་དབང་བཅས་ལ་བློ་འཚབ་ཆེན་པོ་ཡོད་པར་བཀོད་ཡོད་པ་མ་ཟད་ཡང་ ཨ་མེ་རི་ཀའི་གྲོས་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་མཉམ་འབྲེལ་གྱི་ཐོག་ནས་སྙན་ཐོ་འདིར་བསྐྱར་ཞིབ་བྱས་ཏེ་ཀྱིས་དང་ཐོག་གི་ཧོང་ཀོང་རང་སྐྱོང་སྐྱོང་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དེ་ད་ལྟ་རྒྱ་ནག་དབུས་གཞུང་གིས་རྩ་འཛིན་ལག་ལེན་བྱེད་བཞིན་ཡོད་མེད་ཐད་རྟོག་ཞིབ་བྱེད་དགོས་པ་ནན་སྐུལ་བྱས་ཡོད་པ་རེད། ཡིན་ན་ཡང་དེ་རིང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གིས། སྙན་ཐོ་དེར་ལན་འདེབས་བྱས་ཏེ་ཧོང་ཀོང་གི་ནང་སྲིད་ལ་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱ་མི་རུང་བའི་སྐྱོན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG