ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨེ་ཤི་ཡ་དང་ཞི་བདེ་རྒྱལ་མཚོའི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོཊ།


ཕྱི་ཟླ་༡༡་ཚེས་༡༧་ནས་ཚེས་༡༩་བར་དུ་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ཎི་ལར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་རྒྱལ་ཁབ་ཁག་གི་ཆེས་མཐོ་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་འཚོགས་འཆར་ཡོད་ཅིང་། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད་པར་གླེང་སློང་བྱ་འཆར་མེད་རུང་། རྒྱ་ནག་གིས་སྔོན་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླར་གླེང་སློང་བྱ་དགོས་དོན་མེད་ཅེས་ནན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG