ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་སྲིད་འཛིན་ཟུར་པ་ཁར་ཀྲར་གྱིས་བལ་ཡུལ་ནང་ཕེབས་རྒྱུ་ཕྱིར་འཐེན་གནང་ཡོོད་འདུག


ཨ་རིའི་སྲིད་འཛིན་ཟུར་པ་འཇི་མི་ཁར་ཀྲར་གྱིས་བལ་ཡུལ་ནང་སྡོད་ཁྱིམ་གསར་རྒྱག་གི་ལས་འཆར་ཆེད་ཕྱོགས་བསྐྱོད་གནང་རྒྱུ་དེ་ཕྱིར་འཐེན་གནང་འདུག ཡང་གནས་སྟངས་དེ་ནི་ཁོང་སྐྲན་ནད་ཀྱི་སྙུང་གཞིའི་བརྟེན་མིན་པར་དེ་ནི་དེང་སྐབས་བལ་ཡུལ་ནང་ཟ་བཅའ་དང་རྡོ་སྣུམ་སོགས་གང་ཅིའི་ཐད་མ་འདེང་བའི་གནས་སྟངས་ཤིག་ཡོད་པའི་རྐྱེན་གྱིས་འགྲོ་བ་མིའི་ཆེད་ཀྱི་སྡོད་ཁྱིམ་ཞེས་དབུལ་ཕོངས་ཉམ་ཐག་པར་སྡོད་ཁྱིམ་གསར་རྒྱག་གི་རོགས་རམ་གནང་མཁན་ཚོགས་པ་དེས་བལ་ཡུལ་ནང་བསྐྱོད་བདེ་མེད་པར་གྱུར་བའི་རྐྱེན་གྱིས་ཡིན་འདུག་པའི་སྐོར་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG