ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདར་ཚོད་ལྟ་བྱས་ན་འགྲིགས་ཀྱི་མེད་པ།


བྱང་ཀོ་རི་ཡས་རིང་མིན་བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་གཞུང་འཛིན་བཟོ་པའི་ཚོགས་པ་བཙུགས་པ་ཏེ་ལོ་༧༠འཁོར་བའི་དྲན་གསོ་བྱེད་ཀྱི་ཡོད་པ་དེར་སྲུང་བརྩི་བྱ་རྒྱུར་རྒྱང་ཐག་རིང་པོར་གློད་གཏོང་བྱེད་པའི་མེ་ཤུགས་འཕུར་མདར་ཚོད་ལྟ་བྱེད་སྲིད་པའི་ཉེན་ཁ་ཡོད་པར། ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་ཤིག་གིས་ཁ་ཉིན་གཟའ་མིག་དམར་གྱི་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ནང་གསར་འགོད་པ་ཚོར་བཀའ་མོལ་གནང་སྟེ་ བྱང་ཀོ་རི་ཡས་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་བརྩི་མེད་བྱས་ཏེ་རྒྱང་ཐག་རིང་པོར་གློད་གཏོང་བྱེད་པའི་མེ་ཤུགས་འཕུར་མདར་ཚོད་ལྟ་བྱས་པ་ཡིན་ན། རྒྱལ་ཚོགས་ཀྱིས་ཡུལ་དེའི་ཐོག་ཉེས་ཆད་ཚ་ནན་གཏང་རྒྱུ་ཡིན་ལུགས་གསུངས་ཡོད་པའི་སྐོར་ཕུན་ཚོཌ་ཚེ་རིང་གིས་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG