ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བླ་མ་སྐྱབས་ལགས་གཟུགས་གཞི་སྐྱོ་བོའི་ངང་གློད་བཀྲོལ་བཏང་འདུག


སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་སྐབས། མདོ་སྨད་རྨ་ཆུར་རང་ལོ་བཅུ་བདུན་ལས་སོན་མེད་པའི་བླ་མ་སྐྱབས་ལགས་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང་། རྨ་ཆུ་རྫོང་གི་ཉེན་རྟོག་ཁང་དང་ཀན་སུའུ་ཞིང་ཆེན་གྱི་བཙོན་ཁང་སོགས་སུ་མནར་གཅོད་དང་རྡུང་རྡེག་འདྲ་མིན་མྱངས་ཏེ་ལོ་ངོ་བདུན་དང་ཕྱེད་ཀ་ཙམ་རིང་བཙོན་འཇུག་བྱས་པའི་མཐར་གློད་བཀྲོལ་བཏང་ཡོད་ཀྱང་། ཁོང་ལ་བཙོན་ཁང་ནས་གློ་ནད་བྱུང་སྟེ་ཟླ་དྲུག་ཙམ་རིང་སྨན་བཅོས་བྱེད་དགོས་བྱུང་བ་སོགས་ད་ལྟ་ཁོང་གློད་བཀྲོལ་བཏང་ཟིན་ཡང་གློ་ནད་སེང་དྲག་མེད་པས་སྐད་ཆ་བཤད་སྟབས་བདེ་བོ་མིན་པ་སོགས་ཀྱི་ཐད་ནང་མི་ཚོས་བློ་འཚབ་ཆེན་པོ་བྱེད་བཞིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG