ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མདོ་སྨད་རྔ་བ་ས་ཁུལ་དུ་སྐད་འབོད་ཁྲོམ་སྐོར་རིམ་པར་བྱུང་བ།


ཕྱི་ལོ་༢༠༡༥་ཟླ་༡༠་ཚེས་༥་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། མདོ་སྨད་རྔ་བ་ས་ཁུལ་དུ་ཕྱི་ཟླ་དགུ་བའི་ནང་བོད་མི་ཁག་ཅིག་གིས་འཚེ་མེད་ཞི་བའི་ངང་ཁྲོམ་གཞུང་དུ་སྐད་འབོད་བྱས་རྗེས་འཛིན་བཟུང་བཀག་ཉར་བྱས་ཏེ་གནས་ཚུལ་གསལ་རྟོགས་མེད་པ་ཆགས་ཡོད་པའི་སྐོར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

གནས་ཚུལ་གསལ་བོ་ཐོན་པ་ལྟར་ན། རྔ་བ་ཀིརྟི་དགོན་པའི་ལོ་༡༥་ཅན་གྱི་གྲྭ་བློ་བཟང་འཇམ་དབྱངས་དང་མི་སྐྱ་གཉིས་ནི་ཕྱི་ཟླ་དགུ་བའི་ནང་རྔ་བ་རྫོང་མཁར་དུ་ཞི་བའི་སྐད་འབོད་བྱས་ཏེ་ཉེན་རྟོག་མི་སྣས་བཙན་ཁྲིད་བྱས་ཡོད་པ་རེད།། ཀ་ཉག་ཚེ་རིང་ལགས་ཀྱིས་ངོ་སྤྲོད་ཞུས་པ་ལྟར་ན། ཕྱི་ཟླ་༩་ཚེས་༢༣་ཉིན་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་དཔའ་བོའི་སྲང་ལམ་དུ་འབོད་པ་དེར་སྐད་འབོད་ཁྲོམ་སྐོར་བྱས་སྐབས་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། དེ་བཞིན་དུ་ཕྱི་ཟླ་༩་ཚེས་༡༠་ཉིན་འཕྲིན་ལས་ལགས་དང་བློ་སངས་ལགས་གཉིས་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་སྐབས་བཙན་ཁྲིད་བྱས་པའི་གནས་ཚུལ་གསལ་བོ་ཐོན་བྱུང་ཟེར།།

དེ་སྔོན་གནས་ཚུལ་ཐོན་པ་ལྟར་ན་ཕྱི་ཟླ་དགུ་བའི་ཚེས་༡༠་ཉིན་ཀིརྟི་དགོན་གྱི་གྲྭ་ཨ་གྲགས་ལགས་དང་། ཉིན་དེའི་ཕྱི་དྲོར་གྲྭ་བློ་བཟང་ལགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་བཙན་ཁྲིད་བྱས་པ་དང་། ཉིན་དེར་ད་རུང་མང་ཚོགས་ཀྱི་ཁྲོད་ནས་མ་མཐར་ཡང་མི་༦་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་པ་རེད།། ཞི་བའི་སྐད་འབོད་བྱེད་མཁན་དག་གིས་གཙོ་བོར་བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་ཞོར་ལ་ཁྲོམ་དུ་གོམ་བགྲོད་བྱས་ཡོད།།

རྔ་བ་ས་ཁུལ་དུ་ཕྱི་ཟླ་དགུ་བའི་ཚེས་༡༠་ནས་བཟུང་དྲ་ལམ་བཅད་པའམ་དོ་དམ་ནན་མོ་བྱེད་བཞིན་པ་དང་། དམིགས་བསལ་སྒོས་ཉེན་རྟོག་མི་སྣ་མང་པོ་ས་ཆ་གང་སར་འགྲེམ་འཇོག་བྱས་ཡོད་པ་རེད།།

XS
SM
MD
LG