ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཇར་མི་ནིའི་སྲིད་བློན་རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་འབྱོར་གནང་ཡོད་པ།


ཇར་མི་ནིའི་སྲིད་བློན་ལྕམ་ཨང་གྷི་ལ་མར་ཀེལ་རེས་གཟའ་ཉི་མའི་ཕྱི་དྲོ་རྒྱ་གར་ལ་ཉིན་གྲངས་གསུམ་གྱི་རིང་རྒྱལ་དོན་འཚམས་འདྲིར་ཕེབས་འབྱོར་གནང་ཡོད་པ་དང་ ཁོང་གིས་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྲིད་བློན་ན་རིན་དྷ་ར་མོ་ཏི་དང་མཇལ་འཕྲད་གནང་སྟེ་ ཡུལ་གྲུ་གཉིས་ཀྱི་ཚོང་དོན་དང་ རྒྱལ་སྲུང་ བདེ་འཇགས་སྲུང་སྐྱོང་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐད་གྲོལ་མོལ་གནང་རྒྱུ་ཡིན་པ་བཅས་ཀྱི་སྐོར་རྒྱ་གར་གྱི་གསར་ཤོག་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG