ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞི་ཅིན་པིང་གིས་རྒྱལ་ཚོགས་སུ་གཏམ་བཤད་བྱེད་པའི་སྐབས་བོད་མི་ཚོས་ངོ་རྒོལ།


ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་འགྲོ་རྒྱུ་ཉུང་དུ་གཏོང་ཕྱོགས་དང་ དེ་བཞིན་འཛམ་གླིང་གི་ནང་ཞི་བདེ་དང་ གང་སྤྱིའི་འཛུགས་བསྐྲུན་ཡར་རྒྱས་གཏོང་རྒྱུ་བཅས་ལ་རོགས་རམ་བྱ་རྒྱུ་ཡིན་པའི་གཏམ་བཤད་བྱེད་པའི་སྐབས་དེར་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་སུ་གནས་འཁོད་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་ཡོད་པ་བཅས་ཀྱི་སྐོར་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་སུ་ཀུན་བཟང་སྒྲོལ་མས་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG