ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིས་ཅིན་ཕིང་ལ་སྤྲིངས་པའི་ཡོངས་གྲགས་འཕྲིན་ཡིག


བདུན་ཕྲག་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཐེངས་དང་པོ་དེར་ཕེབས་ཀྱི་ཡོད་པ་དང་། དེ་རིང་གཟའ་པ་སངས་ཉིན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨ་མི་རི་ཀའི་ཡན་ཁག་ཚོགས་པས་ཡོངས་གྲགས་ཀྱི་འཕྲིན་ཡིག་ཅིག་འགྲེམ་སྤེལ་བྱས་ཏེ། ཁོང་ཚོས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚོར་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་༢༠༡༠་ལོའི་འཛམ་གླིང་གི་ཎོ་བེལ་ཞི་བདེའི་གཟིགས་རྟགས་བཞེས་མཁན་ལིའུ་ཤའོ་པོ་དང་ཡུ་གུ་པ་ཨིལ་ཧམ་དཱོ་དི། ལོ་ན་༧༡་ལ་སོན་པའི་རྒྱ་ནག་གི་གསར་འགོད་པ་གྲགས་ཅན་གའོ་ཡུའི། རྒྱ་ནག་གཞུང་གིས་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ཡོད་པའི་ལིའུ་ཞའོ་པོའི་ཆུང་མ་ལིའུ་ཤཱ་སོགས་བཙོན་འཇུག་དང་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG