ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གཞུང་གིས་སྤྱི་ཚོགས་ལས་འགུལ་བའི་གཉེན་བཙིར་གནོན།


༄༅།། ཞིན་ཧོང་ཡུའི་ཞེས་པའི་རྒྱ་རིགས་སློབ་ཕྲུག་ཅིག་གིས་ཨོ་སི་ཊེ་རེ་ལི་ཡའི་སིཌ་ཎི་སློབ་གྲྭ་ཆེན་མོར་ཁྲིམས་དང་ཚོང་དོན་རིག་པར་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། ཁོ་པ་རང་ཡུལ་ལ་ཕ་མ་སྤུན་མཆེད་སོགས་ལ་ཐུག་ཏུ་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་། ཞིན་ཧོང་ཡུའི་རང་ཡུལ་ལ་གཉེན་འཕྲད་དུ་ཡོང་ན་འཛིན་བཟུང་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་བརྡ་འབྱོར་ཡོད་པ་མ་ཟད། སློབ་ཕྲུག་དེའི་ཨ་ཕ་ཞིན་ལི་ཅན་གྱིས་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་དཔལ་འབྱོར་འགྲོ་གྲོན་གྱི་རྒྱབ་སྐྱོར་བྱས་ཏེ། ཁོང་བདུན་ཕྲག་གསུམ་གྱི་གོང་གི་མཚན་མོ་ཞིག་ལ་གར་སོང་ཆ་མེད་དུ་གྱུར་པ་དང་། སི་ཌི་ཎི་སློབ་གྲྭ་ཆེན་མོའི་འཕྲུལ་རིག་དགེ་རྒན་ཧྥེང་ཁྲུང་དབྱིས་བཤད་པ་ལྟར་ན། སློབ་ཕྲུག་ཞིན་ཧོང་ཡུའི་རྒྱ་ནག་ལ་ཕ་མ་སྤུན་མཆེད་ཚོར་ཐུག་ཏུ་སོང་ཚེ། ཁོ་པ་ཀོང་ཀྲུག་གྲོང་ཁྱེར་གྱི་རང་ཁྱིམ་དུ་བཟང་བཙོན་ལ་ཚུད་སྲིད་པའི་ཉེན་ཀ་ཡོད། ང་ནི་ཞིན་ཕ་བུ་གཉིས་ཀྱི་གྲོགས་པོ་ཡིན། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་སྔོན་ཆད་གོང་མའི་དུས་སུ་སྲིད་གཞུང་ལ་མི་དགའ་བའི་མི་དེ་དག་གི་གཉེན་ཚན་རིགས་ཁག་དགུ་ལ་ཁྲིམས་གཅོད་བྱ་སྲོལ་ཡོད་པ་བསྐྱར་གསོ་བྱས་འདུག་ཅེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG