ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༄༅།། བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་བསྲེགས།


Tashi Kyi Labrang
Tashi Kyi Labrang

དངུལ་རྭ་ཡུལ་ཚོའི་བཀྲ་ཤིས་སྐྱིད་ཅེས་པའི་བུད་མེད་ཅིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་གྲོངས་སུ་གྱུར་འདུག་ཅིང་། ཁོང་གི་ཕུང་ཉེན་རྟོག་པས་བཙན་འཕྲོག་བྱས་པའི་གནས་ཚུལ་ཐོན་འདུག སྤྱི་ཟླ་༨་པའི་་ཚེས་༢༧་དང་༢༨་ཀྱི་མཚན་དཀྱིལ་ཙམ་ལ་བསང་ཁོག་ཞང་། དངུལ་རྭ་ཡུལ་ཚོའི་བུད་མེད་ལོ་ན་༥༥་ཡས་མས་སུ་སོན་པའི་བཀྲ་ཤིས་སྐྱིད་ཀྱིས་བསང་ཁོག་གྲོང་བརྡ་འགྲམ་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ། སྡེ་མི་ཚོས་མཐོང་ཏེ་སྐྱོབ་ཐབས་བྱས་ཀྱང་དེ་རིང་ཞོགས་པ་ཆུ་ཚོད་གསུམ་པ་ཙམ་ལ་ཁོ་མོ་འདས་གྲོངས་སུ་གྱུར་འདུག ད་ལྟ་གནས་ཚུལ་ཐོན་པ་ལྟར་ན་རྫོང་གི་ཉེན་རྟོག་པ་དང་དམག་མི་ཡོང་ནས་ཕུང་པོ་བཙན་འཕྲོག་བྱེད་ཟིན་པ་དང་། གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན་ཁ་སང་ཚེས་༢༧་ཉིན་ཉེན་རྟོག་པ་དང་དམག་མི་༡༥༠་ལྷག་དངུལ་རྭ་ཡུལ་ཚོར་ཡོང་ནས་བསང་ཁོག་དངུལ་རྭ་སྡེ་བའི་ཁྱིམ་ཚང་ཞིག་གི་ཁང་པ་ཡོད་ས་དེ་གཞུང་གིས་འཛུགས་སྐྲུན་ས་ཁུལ་རེད་ཅེས་ཁྱིམ་ཚང་དེའི་ཁང་པ་རྩ་གཏོར་བྱེད་སྐབས་ཁྱིམ་བདག་གིས་ཉེན་རྟོག་པར་ཡ་ལན་སློག་ཅིང་། སྐབས་དེར་ཉེན་རྟོག་པས་ཁྱིམ་བདག་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ལས་དོན་ལ་ངོ་ལོག་བྱེད་ཀྱིན་འདུག་ཅེས་རྨས་སྐྱོན་ཕོག་པའི་ཁྱིམ་བདག་དེ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག ད་ལྟ་ཁྱིམ་ཚང་འདི་དང་དེ་རིང་རང་སྲེག་ངོ་རྒོལ་ངོ་རྒོལ་བ་བུད་མེད་བཀྲ་ཤིས་སྐྱིད་གཉིས་ལ་འབྲེལ་བ་ཡོད་མེད་སོགས་གནས་ཚུལ་ཁ་གསལ་མེད་ཀྱང་བཀྲ་ཤིས་སྐྱིད་བྱིས་པ་ལྔའི་ཨ་མ་ཞིག་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

Sang Kog Map
Sang Kog Map

XS
SM
MD
LG