ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁམས་ནང་ཆེན་དུ་ཉེན་རྟོག་པས་བརྡུངས་ཏེ་བོད་མི་མང་པོ་སྨན་ཁང་ནང་བསྐྱལ་དགོས་པ་བྱུང་ཡོད་པ།


 ཁམས་ནང་ཆེན་དུ་ཉེན་རྟོག་པས་བརྡུངས་ཏེ་བོད་མི་མང་པོ་སྨན་ཁང་ནང་བསྐྱལ་དགོས་པ་བྱུང་ཡོད་པ
ཁམས་ནང་ཆེན་དུ་ཉེན་རྟོག་པས་བརྡུངས་ཏེ་བོད་མི་མང་པོ་སྨན་ཁང་ནང་བསྐྱལ་དགོས་པ་བྱུང་ཡོད་པ

༄༅།།ཉེ་ལམ་སྤྱི་ཟླ་བརྒྱད་པའི་ཚེས་༡་ཉིན། རྒྱ་ནག་གི་དམག་འཛུགས་དུས་ཆེན་ཉིན་ཁམས་ནང་ཆེན་རྫོང་ཁོངས་སུ་ཡོད་པའི་ས་ཁུལ་ཞིག་གི་ནང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གཞས་ཞབས་བྲོ་འཁྲབ་དགོས་པའི་བཙན་བཀའ་བཏང་བ་དང་བོད་མི་ཚོ་ལ་ཨ་རག་རིན་མེད་དུ་སྤྲད་ཡོད་འདུག འོན་ཀྱང་བོད་མི་ཚོས་གཅན་གཟན་གྱི་པགས་པ་མ་གྱོན་པ་དང་རྣམ་འགྱུར་ཡག་པོ་མ་བསྟན་པའི་གནས་ཚུལ་བྱུང་སྟེ་རྒྱ་ནག་གི་ཉེན་རྟོག་པས་བོད་མི་རེ་ཟུང་འཁྲུགས་པ་ཤོར་བ་ལ་ཁ་གཡར་ནས་བོད་མི་ཕོན་ཆེར་གང་བྱུང་ཉེས་རྡུང་བཏང་ཡོད་པས་མི་གྲངས་༣༠་ཙམ་སྨན་ཁང་ནང་བསྐྱལ་དགོས་པ་བཟོས་ཡོད་པ་རེད། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

ཁམས་ནང་ཆེན་དུ་ཉེན་རྟོག་པས་བརྡུངས་ཏེ་བོད་མི་མང་པོ་སྨན་ཁང་ནང་བསྐྱལ་དགོས་པ་བྱུང་ཡོད་པ།

XS
SM
MD
LG