ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྐོག་ཟ་དང་རང་ཤི།


China Corruption
China Corruption

ཞི་ཅི་པེན་རྒྱ་ནག་གི་འགོ་ཁྲིད་དུ་གྱུར་བ་ནས་བཟུང་། རྒྱ་ནག་རྒྱལ་ཡོངས་སུ་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ཚ་ནན་ཞེས་པའི་སྲིད་ཇུས་ཤིག་སྤེལ་ཞིང་། དེའི་འོག་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་མང་པོར་ལྐོག་ཟའི་གྱོད་དོན་རྟོག་ཞིབ་བྱེད་པའི་ཁྲོད་དུ་རང་ཤི་རྒྱག་མཁན་མི་ཉུང་བ་ཞིག་བྱུང་ཡོད། དེ་རིང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པའི་འཕྲུལ་ཆས་བཟོ་ལས་ཁང་ཆེ་ཤོས་དེའི་ནང་གི་ལྐོག་ཟའི་གྱོད་དོན་རྟོག་ཞིབ་བྱེད་བཞིན་པའི་སྐབས་སུ། བཟོ་ལས་ཁང་འདིའི་སྤྱི་ཁྱབ་འགན་འཛིན་གྱིས་རང་གི་ལས་ཁུངས་སུ་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

ལྐོག་ཟ་དང་རང་ཤི།

XS
SM
MD
LG