ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་གྲོས་ཚོགས་ཀྱིས་ཨི་རན་གྱི་རྡུལ་ཕྲན་གྱི་ལས་གཞིའི་སྐོར་གྱི་གྲོས་མཐུན་ལ་བསྐྱར་ཞིབ།


ཨ་མི་རི་ཀའི་གྲོས་ཚོགས་ལྷན་ཁང་གིས་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གནད་དོན་ཐད་ཀྱི་གྲོས་མཐུན་ལ་གསན་ཞིབ་མུ་མཐུད་དེ་གནང་བཞིན་ཡོད་པ་དང་ གཟའ་ལྷག་པའི་ཉིན་གྲོས་ཚོགས་གོང་མའི་དམག་དོན་ལས་དོན་ཚོགས་ཆུང་གིས་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་སོགས་གཞུང་འཛིན་གནས་ཡོད་དབུ་ཁྲིད་ཚོ་ལ་འདྲི་ཞིབ་གནང་ཡོད་པ་རེད་ ཨ་རིའི་གྲོས་ཚོགས་ལ་གཞུང་འཛིན་ལྷན་ཁང་གིས་འབད་བརྩོན་གནང་བའི་ཨི་རན་གྱི་རྡུལ་ཕྲན་གྱི་ལས་གཞིའི་ཐད་ཀྱི་གྲོས་མཐུན་དེ་ལ་བསྐྱར་ཞིབ་གནང་རྒྱུར་ཉིན་དྲུག་ཅུའི་དུས་ཚོད་ཡོད་པ་རེད།

XS
SM
MD
LG