ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་མཚོའི་གཏིང་དུ་གཏེར་ཁ་སྔོག་འདོན་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པ།


འཛམ་གླིང་གི་ས་གཞི་འདིའི་ཕྱེད་ཀ་ལྷག་ནི་ ཡངས་ཞིང་ གཏིང་ཟབ་པའི་རྒྱ་མཚོ་ཡིན་ཞིང་ གཏིང་ཟབ་པའི་རྒྱ་མཚོ་དེ་དག་གི་འོག་ཏུ་ རིན་ཐང་བྲལ་བའི་གཏེར་རྫས་མང་པོ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཡིན་ནའང་ གཏེར་རྫས་དེ་རྣམས་རྒྱ་མཚོའི་གཏིང་དུ་ཆགས་པའི་རང་འབྱུང་གི་སྲུང་སྐྱོང་དེ་ལ་བརྟེན་ནས་ ད་ཕན་མིས་གཏེར་རྫས་དེ་རྣམས་སྔོག་འདོན་བྱེད་ཐུབ་མེད་པ་རེད་ འོན་ཀྱང་ ད་ཆ་ འཕྲུལ་རིག་བཟོ་བསྐྲུན་བྱ་རྒྱུའི་མིའི་བློ་རིགས་ཀྱི་ནུས་རྩལ་གོང་མཐོར་ཕྱིན་ཏེ་ མིའི་རྐང་ལག་གི་ཚབ་བྱེད་ཐུབ་པའི་འཕྲུལ་ཆས་བཟོ་བསྐྲུན་བྱ་རྒྱུས་མཚོན་པས་ དེང་དུས་ཀྱི་འཕྲུལ་རིག་དར་རྒྱས་ཆེ་བའི་ཐོག་ སྐམ་སར་ཡོད་པའི་རང་འབྱུང་གི་གཏེར་རྫས་རྣམས་བེད་སྤྱོད་བྱས་དྲགས་ཏེ་ཇེ་ཉུང་དུ་འགྲོ་བཞིན་པ་དང་ དེང་དུས་ཀྱི་མིའི་སྤྱི་ཚོགས་འདིར་དགོས་མཁོ་ཆེ་བའི་ལག་འཁྱེར་ཁ་པར་ལ་སོགས་པའི་དེང་རབས་ཀྱི་འཕྲུལ་ཆས་རྣམས་བཟོ་བསྐྲུན་བྱ་རྒྱུར་མཁོ་བའི་གཏེར་རྫས་ཀྱི་རིགས་དགོས་མཁོ་ཆེར་གྱུར་བ་སོགས་ལ་བརྟེན་ནས་ གཏིང་རིང་ཚད་མི་ཏྲར་སྟོང་ཕྲག་མང་པོ་ཡོད་པའི་རྒྱ་མཚོའི་གཏིང་དུ་ རང་འབྱུང་གཏེར་རྫས་སྔོག་འདོན་བྱ་རྒྱུར་འཛམ་གླིང་གི་གཞུང་སྒེར་བཟོ་ཚོང་མང་པོས་ཚང་ཁ་བཤིག་བཤིག་བྱེད་ཀྱི་ཡོད་པ་དང་ རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་དེ་ཚོར་ཆོག་མཆན་སྤྲོད་འགོ་ཚུགས་ཡོད་པ་རེད་ ཡིན་ནའང་ གཏེར་ཁ་སྔོག་འདོན་གྱི་ལས་གཞི་འདིའི་ཐད་ ཁོར་ཡུག་སྲུང་སྐྱོབ་པ་རྣམས་ཀྱིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG