ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡོ་རོབ་གྱི་ལྒང་ཕུག་དུས་སྟོན་ཞིག་ལ་བོད་ཀྱི་རྒྱལ་དར་གྱི་ཚོན་རིག་བཀྲ་པའི་ལྒང་བུ་མཉམ་ཞུགས་བྱས་ཡོད་པ།


facebook.com/tibetballoon
facebook.com/tibetballoon

རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་མ་ལྟོས་པར། ཟླ་བ་འདིའི་ཕྱི་ཚེས་༢༦ སྟེ། རེས་གཟའ་ཉིན་མའི་ཉིན། ཡོ་རོབ་ནང་གི་ལྒང་ཕུག་གི་དུས་སྟོན་ཆེ་ཤོས་ཤིག་ལ་བོད་ཀྱི་རྒྱལ་དར་གྱི་ཚོན་རིག་བཀྲ་བའི་ལྒང་ཕུག་ཧ་ཅང་ཆེན་པོ་ཞིག་བར་སྣང་ལ་བཏང་ཡོད་པའི་གནས་ཚུལ་འདུག ཡོ་རོབ་ཀྱི་རྒྱལ་ཁབ་ཕ་རན་སིའི་ནང་ཟླ་བ་འདིའི་ཕྱི་ཚེས་༢༤ ནས་ཟླ་བ་རྗེས་མའི་ཕྱི་ཚེས་༢ བར། ཁྱོན་ཉིན་གྲངས་བཅུའི་རིང་ཡོ་རོབ་ནང་གི་ལྒང་ཕུག་གི་དུས་སྟོན་ཆེ་ཤོས་ཤིག་ལོ་ངོ་གཉིས་རེའི་མཚམས་སུ་ཚོགས་སྲོལ་ཡོད་པ་ལྟར། རེས་གཟའ་ཉིན་མའི་ཉིན། འཛམ་གླིང་གི་རྒྱལ་ཁབ་ཧ་ཅང་མང་པོ་ནས་ལྒང་ཕུག་༤༣༢ ཙམ་བར་སྣང་ཁམས་སུ་བཏང་ཡོད་པ་དེ་ནི། ཉིན་གྲངས་གཅིག་གི་ནང་ ལྒང་ཕུག་མང་ཤོས་མཁའ་དབྱིངས་སུ་བཏང་ཐུབ་ཡོད་པའི་ཟིན་ཐོ་གསར་བ་ཞིག་ཆགས་ཡོད་ཅིང་། དེའི་ཁོངས་སུ། བོད་ཀྱི་རྒྱལ་དར་གྱི་ཚོན་རིག་བཀྲ་བའི་ལྒང་ཕུག མིང་ལ་བོད་ཀྱི་ལྒང་ཕུག་ཞེས་པ་ཡང་ཡོད་པ་རེད། བོད་ཀྱི་ལྒང་ཕུག་མཁའ་དབྱིངས་སུ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལྡིང་བསྐོར་རྒྱབས་ཡོད་ཅིང་། དེའི་གོང་། རྒྱ་ནག་གི་གཞུང་ཚབ་ལས་ཁང་གིས། དུས་སྟོན་གོ་སྒྲིག་པར་བོད་ཀྱི་ལྒང་ཕུག་དུས་སྟོན་ལ་འདོན་དུ་བཅུག་པ་ཡིན་ན། ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཡོང་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་བ་ལ་དུས་སྟོན་གོ་སྒྲིག་པས་ཉན་འཇོག་བྱས་མེད་པ་རེད།

XS
SM
MD
LG