ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཤིག་འཛིན་སྲིད་པ།


རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ལོ་༣༥་ལྷག་འགྲོ་བཞིན་ཡོད་ཅིང་། མི་འབོར་བཀག་སྡོམ་གྱི་སྲིད་ཇུས་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་འབྲུ་རིགས་ཐོན་སྐྱེད་གོང་འཕེལ། མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་བོའི་མགྱོགས་ཚད་མྱུར་དུ་གཏོང་བར་ཕན་ཐོགས་བྱུང་རུང་། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་རྒན་རྒོན་གྱི་མི་འབོར་མང་བ་དང་ན་གཞོན་ལས་རྩོལ་བའི་མི་གྲངས་ཉུང་བ་དང་། རྒྱ་ནག་གི་ཁྱིམ་ཚང་གཅིག་གི་བཟའ་ཚང་རེར་ཕ་མ་རྒན་རྒོན་བཞི་རེ་གསོ་དགོས་པའི་འགན་འཁྲི་ཡོད་པ་མ་ཟད། རྒྱ་ནག་གི་མི་འབོར་བཀག་སྡོམ་གྱི་སྲིད་ཇུས་དེ་དུས་ཚོད་བསྒྲིགས་པའི་འབར་མདེལ་ལྟ་བུ་ཞིག་ལ་གྱུར་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་ལས་རྩོལ་པའི་སྟོབས་ཤུགས་རྒྱུན་འཁྱོངས་བྱ་མི་ཐུབ་པའི་ཉེན་ཀ་ཆེན་པོ་ཞིག་འཕྲད་ཡོད་པས། རྒྱ་ནག་གཞུང་གིས་དཀའ་ངལ་དེ་ཚོ་སེལ་ཐབས་སུ་བཟའ་ཚང་རེར་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་སྲིད་པའི་རྣམ་པ་ཐོན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG