ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གསན་ཞིབ།


རྒྱ་ནག་གི་ཐད་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས། ཁ་ས་ཕྱི་ཚེས་༢༣ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་གནས་སྟངས་དང་ཆོས་ལུགས་རང་དབང་གི་གནས་སྟངས་ཐད་གསན་ཞིབ་ཚོགས་འདུ་ཞིག་སྐོངས་འཚོག་བྱས་ཡོད་འདུག དེ་ཡང་། གསན་ཞིབ་ཚོགས་འདུའི་བརྗོད་གཞི་དེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་ལུགས་དང་། ཤི་ཇི་པིང་གི་འགོ་ཁྲིད་པའི་སྲིད་གཞུང་གིས་ ཆོས་ལུགས་རང་དབང་ལ་སྟངས་འཛིན་དང་དམ་དྲག་བྱེད་ཕྱོགས་ཞེས་པ་དེ་ཡིན་ཞིང། གསན་ཞིབ་ཚོགས་འདུར་བཀའ་མོལ་གནང་མཁན་ཁོངས་སུ་ ཨ་རི་རླུང་འཕྲིན་ཁང་གི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་དང་། རྒྱལ་སྤྱིའི་ཡུ་གར་རང་དབང་ཚོགས་པའི་འགན་འཛིན་ལྕམ་ར་བྷི་ཡ་ གྷ་རྡིར། རྒྱ་ནག་གི་ཐོབ་ཐང་ལས་འགུལ་ཚོགས་པ་ཞེས་པའི་འགན་འཛིན་སྐུ་ཞབས་བོབ་ཕུ། དེ་བཞིན་ འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་༢༠༡༥ ལོའི་ཀེ་ན་ཊའི་མཛངས་མ་ལིན་བཅས་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་་སྟངས་ཐད་བཀའ་མོལ་གནང་ཡོད་པ་རེད། དེ་བཞིན། གོང་ཞུས་གསན་ཞིབ་ཚོགས་འདུར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྔ་ཙམ་ལྷན་ཞུགས་གནང་ཡོད་པ་རེད།

XS
SM
MD
LG