ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ཕྷ་རན་སི་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཡོང་མདོག་ཁ་པོ་མ་རེད།


WikiLeaks དྲ་ཚིགས་ཡིས། ཕྷ་རན་སི་ཡི་སྲིད་འཛིན་ཧོའོ་ལན་ དང་། གོང་གི་སྲིད་འཛིན་ཟུར་པ་རྣམས་ལ། ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་བདེ་སྲུང་ལས་དོན་ལྷན་ཁང་གིས། གསང་མྱུལ་བྱས་ཡོད་པའི་ཡིག་ཆ་དཔར་ འགྲེམས་བྱས་པའི་རྗེས། ཨ་མེ་རི་ཀ་དང་ ཕྷ་རན་སི་ མི་མཐུན་པ་མི་ཡོང་བ་ ཕྷ་རན་སི་ གཞུང་གིས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཕྷ་རན་སི་ ཡི་སྲིད་འཛིན་ཡིས། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་ དོན་ཐད། སློབ་སྟོན་གནང་མཁན་མཐོ་རིམ་མི་སྣ་རྣམས་ཆེད་འགུགས་གནང་ པའི་ལྷན་ཚོགས་ཤིག་རེས་གཟའ་ལྷག་པའི་ཉིན་སྐོང་ཚོགས་གནང་ཡོད་པའི་ མུར། ཕྱི་སྲིད་བློན་ཆེན་ཡིས། ཨ་མེ་རི་ཀའི་གཞུང་ཚབ་ཆེན་མོ་ ཕྱི་སྲིད་ལྷན་ཁང་དུ་བཀའ་འགུགས་གནང་ཡོད་པ་དང་། མཇུག་ཏུ་སྲིད་འཛིན་ཧོའོ་ལན་མཆོག་གིས། ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་ མ་མཆོག་དང་ཞལ་དཔར་ཐོག་བཀའ་མོལ་གནང་པའི་སྐབས་སུ། སྲིད་འཛིན་ ཨོ་བྷ་མ་མཆོག་གིས་གནས་ཚུལ་དེའི་རིགས་བསྐྱར་དུ་མི་ཡོང་བ་བྱ་རྒྱུའི་ཁས་ ལེན་སླར་ཡང་ནན་བརྗོད་གནང་བྱུང་ལུགས་ཕྷ་རན་སི་ ཡི་སྲིད་འཛིན་མཆོག་ གིས་གསུངས་ཡོད་འདུག

XS
SM
MD
LG