ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དབྱིན་ཇི་བ་བཙོན་པ་ཞིག་ལ་བཙན་བཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་རྩིས་བྱས་ཡོད་པ།


རྒྱ་ནག་གཞུང་གིས་གཟའ་འཁོར་སྔོན་མ་བཙོན་ཁང་ནས་གློད་བཀྲོལ་བཏང་བའི་དབྱིན་ཇིའི་ཞིབ་དཔྱོད་པ་ཞིག་གིས་ རང་ཉིད་བཙོན་དུ་སྡོད་རྒྱུན་རིང་ནད་གཞི་ཕོག་སྟེ་སྨན་བཅོས་ལྟ་སྐྱོང་དགོས་གལ་ཆེན་པོ་བྱུང་ཡོད་ནའང་ རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་ ཁོང་ལ་སྨན་བཅོས་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པར་ སྔོན་ལ་ཡིག་ཐོག་ཏུ་ནག་ཉེས་ངོས་ལེན་བྱེད་དགོས་པའི་བཙན་དབང་བཤད་དེ་ བཙན་བཤེད་ཀྱི་སྒོ་ནས་ངོས་ལེན་བྱེད་དུ་འཇུག་རྩིས་བྱས་བྱུང་ཞེས་སྐྱོན་འཛུགས་བྱས་ཡོད་ཅིང་ འདིའི་ཐོག་ནས་ རྒྱལ་ཁབ་གཞན་གྱི་མིས་རྒྱ་ནག་གི་ནང་ གནས་ཚུལ་གང་ཞིག་གི་ཐད་ཞིབ་དཔྱོད་བྱས་ཏེ་གནས་ཚུལ་བསྡུ་རུབ་བྱ་རྒྱུ་དེ་ནི་ ཉེན་ཁ་ཆེན་པོ་གང་འདྲ་ཅིག་ཡིན་པ་དེ་ཡང་གསལ་པོ་མཚོན་ཐུབ་པ་ཞིག་ཡིན་པ་རེད།

XS
SM
MD
LG