ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་དབྱིན་ཡུལ་གྱི་འབྲེལ་བ་བསྐྱར་གསོ་བྱ་རྒྱུ་ཡིན་པ།


རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་ ཕྱི་ཟླ་བཅུ་པའི་ནང་ དབྱིན་ཡུལ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུའི་འཆར་གཞི་ཡོད་པ་དེའི་ཐོག་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུའི་དུས་སྐབས་བཟང་པོ་ཞིག་འགོ་ཚུགས་ཀྱི་རེད་ཅེས་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱིས་དབྱིན་ཇིའི་རྒྱལ་ས་ལོན་ཌན་ནང་འཚམས་འདྲིའི་བྱེད་སྒོ་མཇུག་འགྲིལ་བའི་སྐབས་བརྗོད་ཡོད་ཅིང་ སྐབས་དེར་ཞཱི་ཅིང་ཕིང་ དབྱིན་ཇིའི་རྒྱལ་མོ་ཨི་ལིཛ་བྷད་གཉིས་པ་མཆོག་གི་བཞུགས་གནས་ཕོ་བྲང་བྷག་ཀིང་ཧེམ་དུ་བསྡད་རྒྱུའི་འཆར་གཞི་ཡོད་པ་དེ་ནི་ ཡུལ་གྲུ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་བྱ་ཐབས་རིམ་པ་ཞིག་གི་ཆ་ཤས་ཤིག་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG