ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྱ་སྟོན་བརྟན་བཞུགས།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་ལོ་བརྒྱད་ཅུ་ཧྲིལ་བོར་བཞེས་པའི་ཉིན་ཏེ་ཕྱི་ཟླ་དྲུག་པའི་ཚེས་༢༡ཉིན། བཞུགས་སྒར་དྷ་རམ་ས་ལར་བརྟན་བཞུགས་རྒྱས་པ་བསྟར་འབུལ་གྱི་ཞུ་སྒོ་ཆ་ཚང་ཨ་རིའི་རླུང་འཕྲིན་ཁང་གིས་དུས་ཐོག་ཏུ་ཆུ་ཚོད་བཞིའི་རིང་དམིགས་བསལ་ཀུན་གླེང་ལས་རིམ་ནང་ཐད་གཏོང་བྱ་རྒྱུ་ཡིན་པས། རྣམ་པ་ཚོས་དུས་ཐོག་ཏུ་གཟིགས་པར་ཞུ། གྱ་སྟོན་བརྟན་བཞུགས་ཀྱི་ལེ་ཚན་དེ་ནི་བོད་ནང་གི་ཕྱི་ཟླ་དྲུག་པའི ཚེས་༢༡་སྟེ་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠སྟེང་འགོ་ཚུགས་རྒྱུ་ཡིན་པ་དང་། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་འགོ་འཛུགས་རྒྱུ་ཡིན། དེ་བཞིན་དུ་དྲ་ལམ་བརྒྱུད་ནས་ལྟ་མཁན་རྣམས་ཀྱིས་ཐད་གཏོང་གི་དུས་ཚོད་དེའི་སྟེང་ང་ཚོའི་རླུང་འཕྲིན་ཁང་གི་དྲ་གནས་སུ་ཐད་ཀར་ལྟ་ཐུབ། བརྟན་བཞུགས་བསྟར་འབུལ་ཐད་གཏོང་གི་དུས་ཚོད་དེ་ནི་ཨ་རིའི་ནང་གི་ཕྱི་ཟླ་དྲུག་པའི་ཚེས་༢༠ ་སྟེ་གཟའ་སྤེན་པའི་ཉིན་གྱི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ས་ཁུལ་གྱི་དགོང་མོའི་ཆུ་ཚོད་༡༠་སྟེང་ཡིན་པས་དེ་དུས་ཨ་རིའི་རླུང་འཕྲིན་ཁང་གི་དྲ་རྒྱའི་སྟེང་ཐད་ཀར་རྒྱང་སྲིང་ལ་བལྟ་ཐུབ། རྒྱ་གར་སོགས་སུ་གནས་སྡོད་བོད་མི་རྣམས་ཀྱིས་ས་གནས་སོ་སོའི་ཀེ་བྷལ་ལས་ཁུངས་སོགས་སུ་འབྲེལ་བ་གནང་ནས་གཟིགས་བདེ་ཡོང་བའི་གྲ་སྒྲིག་གནང་རོགས།

ཨ་རིའི་རླུང་འཕྲིན་ཁང་གིས་གྱ་སྟོན་བརྟན་བཞུགས་ཐད་གཏོང་།

ས་ཁུལ།

ཟླ་ཚེས།

དུས་ཚོད།

བོད།

6/21/2015

ཞོགས་པའི་10:00

རྒྱ་གར།

6/21/2015

ཞོགས་པའི་7:30

ཨ་རིའི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན།

6/20/2015

དགོང་མོའི་10:00

XS
SM
MD
LG