ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་དང་ཇར་མེ་ནི་ཡི་ར་ཤི་ཡ་ལ་ཉེས་ཆད་འགེལ་རྒྱུའི་ཆོད་སེམས་བརྟན་པོ་འཛིན་གྱི་ཡོད་པ།


ཤར་ཡུ་རོབ་ཀྱི་ཡུལ་གྲུ་ཡུ་ཀེ་རན་ནང་དུ་བྱེད་བཞིན་པའི་དྲག་འཐབ་ འཁྲུག་འཛིངས་མཚམས་འཇོག་ཡོང་ཐབས་སུ་དམིགས་པའི་གྲོས་མཐུན་ཞིག་ བཞག་ཡོད་པ་དེའི་འབྲུ་དོན་རྣམས། ར་ཤི་ཡས་བརྩི་སྲུང་དང་ལེན་ཚུལ་བཞིན་ ལག་ལེན་བསྟར་འགོ་མ་འཛུགས་ཀྱི་བར་དུ། ར་ཤི་ཡ་ལ་དམ་དྲག་དང་། བཀག་སྡོམ་ བྱེད་རིགས་དེ་དག་མུ་མཐུད་སོར་གནས་བྱེད་དགོས་ལུགས་ཨ་མེ་རི་ཀ་དང་། ཇར་མེ་ནི་ཡའི་དབུ་ཁྲིད་རྣམ་གཉིས་ཀྱིས་བརྗོད་ཡོད་པ་རེད། དེ་ཡང་ཨ་མེ་རི་ཀའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་། ཇར་མེ་ནི་ཡའི་སྲིད་ བློན་ལྕམ་ཨན་ཅེ་ལ་མར་ཁོར་རྣམ་གཉིས་ཀྱིས། ཇར་མེ་ནི་ཡའི་ལྷོ་ཕྱོགས་ཀྱི་ ས་ཁུལ་ཞིག་ཏུ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་བདུན་གྱི་ཆེས་ མཐོའི་དབུ་ཁྲིད་རྣམས་ཀྱི་ལྷན་ཚོགས་གནང་འགོ་ཚུགས་བཞིན་པའི་སྐབས་ འདིར་ལྷན་འཛོམས་དང་གྲོས་བསྡུར་གནང་ཡོད་པ་རེད།

XS
SM
MD
LG