ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མྭེན་མར་གྱིས་ཕྱི་མི་འཁྱེར་བའི་གྲུ་གཟིངས་ཡོད་པའི་སར་གསར་འགོད་པ་བཀག་འགོག་བྱས་ཡོད་པ།


མྭེན་མར་ཡུལ་གྱི་མཚོ་དམག་གིས། རེས་གཟའ་ཉི་མའི་ཉིན། ཡུལ་དེའི་ལྷོ་ ཕྱོགས་ཀྱི་མཚོ་ཁ་ཞིག་གི་རྒྱུད་དུ། ཕྱི་མི་འཁྱེར་བའི་གྲུ་གཟིངས་ཤིག་བཀག་ འགོག་བྱས་ཡོད་པའི་སར། གསར་འགོད་པ་རྣམས་འཁྱུགས་ཙམ་གྱི་རིང་བཀག་ འགོག་དང་འབྲེལ། ཕྱིར་སློག་བྱས་ཡོད་ལུགས་རོའི་ཊར་གསར་འགྱུར་ལས་ཁང་ གི་མིག་མཐོང་བྱུང་པའི་དཔང་པོ་རྣམས་ཀྱིས་བརྗོད་ཡོད་པ་རེད། གསར་འགོད་པ་རྣམས་ཕྱིར་སློག་མ་བཏང་་གོང་། རའི་ཊར་གསར་འགྱུར་ ལས་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་དོན་བྱས་ན། རེས་གཟའ་པ་ སངས་ཀྱི་ཉིན། Andaman རྒྱ་མཚོའི་ནང་སྲོག་སྐྱོབ་བྱས་ཏེ། མཚོ་གླིང་ Leik ནས་ཐག་རིང་ཙམ་དུ་བཀག་བསྐྱིལ་བྱས་པའི་ཐའི་ལནཌའི་ཉ་འཛིན་གྱི་གྲུ་ གཟིངས་ཤིག་གི་པང་གཅལ་གྱི་ཐོག འགའ་ཞིག་གཟུགས་པོ་རིདཔོ། གཅོང་ནད་ ཕོག་པ་ལྟ་བུར་གྱུར་པའི་ཕྱི་མི་བརྒྱ་ཕྲག་འགའ་ཞིག་བཀག་བསྐྱིལ་བྱས་ཡོད་ པ་རེད།

XS
SM
MD
LG