ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགན་འཛིན་ལྷན་ཚོགས་ཀྱི་ལས་སྣེ་འགའ་ཞིག་འཛིན་བཟུང་བྱས་ཡོད་པ།


སུད་སི་གཞུང་གི་ཉེན་རྟོག་པ་རྣམས་ཀྱིས་ རེས་གཟའ་ལྷག་པའི་སྔ་དྲོ་ཐོ་རེངས་ གྲོང་ཁྱེར་ཛུ་རིཀ་ནང་ཡོད་པའི་མགྲོན་ཁང་ཞིག་ལ་གློ་བུར་དུ་རྒོལ་མཆོང་བྱས་ཏེ་ རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགན་འཛིན་ལྷན་ཚོགས་ཀྱི་ལས་སྣེ་བདུན་ལ་ འཛམ་གླིང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གསུམ་དང་ དེ་མིན་ བྱང་དང་ལྷོ་ཨ་མི་ཀའི་ནང་བྱས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་མང་པོ་བཅས་ཀྱི་སྐབས་ ལྐོག་རྔན་ཟ་ལེན་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པ་རེད་ གནད་དོན་འདིའི་ཐད་ སུད་སི་གཞུང་དང་ ཨ་མི་རི་ཀའི་གཞུང་བཅས་གཉིས་ཀས་ཞིབ་དཔྱོད་བྱེད་ཀྱི་ཡོད་པས་ ཁྱོན་བསྡོམས་ད་ཕན་ རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགན་འཛིན་ལྷན་ཚོགས་ཀྱི་ལས་སྣེ་དང་ བཟོ་ཚོང་ཁང་ཁག་གི་འགན་འཛིན་བཅས་མི་གྲངས་བཅུ་བཞི་ལ་ནག་ཉེས་བཙུགས་ཡོད་པ་རེད།

XS
SM
MD
LG