ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རོ་ཧིང་ཁག་ཅིག་མ་ཡན་མར་ནང་ཕྱིར་ལོག་བྱ་རྒྱུར་ནང་པའི་དགེ་འདུན་པས་ངོ་རྒོལ་བྱེད་ཀྱི་ཡོད་པ།


བྲོས་བྱོལ་དུ་ཕྱིན་པའི་རོ་ཧིང་རྒྱ་ཁ་ཆེ་མི་རིགས་སྟོང་ཕྲག་འགའ་ཤས་ཤིག་ཡུལ་དེའི་ནང་ཕྱིར་ལོག་བྱེད་དུ་འཇུག་དགོས་ལུགས་རྒྱལ་སྤྱིས་མ་ཡན་མར་གཞུང་ལ་གནོན་ཤུགས་སྤྲད་པར་ཡུལ་དེའི་ནང་པའི་དགེ་འདུན་པ་ཐེ་བའི་མཐར་ལྷུང་གི་ལྟ་སྤྱོད་འཛིན་མཁན་མང་ཚོགས་ཁག་ཅིག་གིས་རེས་གཟའ་ལྷག་པའི་ཉིན་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད་ རོ་ཧིང་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་དེ་དག་ལ་མ་ཡན་མར་གྱི་གྲངས་མང་ནང་པའི་སྤྱི་ཚོགས་ཀྱིས་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ དེ་བཞིན་མི་སླུ་ཚོང་བྱེད་མཁན་ལས་གྲྭ་ཁག་གིས་མགོ་སྐོར་སླུ་བྲིད་འོག་ཏུ་ཚུད་པའི་མི་དེ་དག་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།

XS
SM
MD
LG