ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་སྲིད་བློན་ཐེངས་དང་པོར་སོག་ཡུལ་ལ་གཟིགས་བསྐོར་གནང་བ།


རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་མཆོག་རེས་གཟའ་ཉི་མའི་ཆེན་པོ་ཧོར་གྱི་རྒྱལ་ཁམས་སོག་ཡུལ་ལ་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་གནང་ནས་སོག་པའི་དབུ་ཁྲིད་ཚོའི་ལྷན་དུ་གནད་དོན་སྣ་མང་ཐོག་བཀའ་བསྡུར་ལྷན་འཛོམས་གནང་འདུག་པ་དང་། སྲིད་བློན་མོ་དྷིའི་སོག་པོའི་སྲིད་བློན་འཆི་མེད་ སའི་ཁན་བྷི་ལིག་གི་ལྷན་དུ་མཇལ་འཕྲད་བཀའ་བསྡུར་གནང་རྗེས་སྲུང་སྐྱོབ་དང་སོ་ནམ་ཞིང་ལས། རང་བྱུང་ནུས་པ་གསར་འདོན་དང་སྨན་བཅོས་སོགས་ཀྱི་སྐོར་ལ་གྲོས་མཐུན་ ༡༤ འཇོག་རྒྱུར་མོས་མཐུན་གནང་འདུག་པ་དང་། དེ་ནི་རྒྱ་གར་གྱི་སྲིད་བློན་གྱིས་སོག་ཡུལ་ལ་ཕེབས་ནས་སོག་པོའི་སྲིད་འཛིན་དང་མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པ་མ་ཟད། ཕྱོགས་གཉིས་དབར་གྲོས་མཐུན་འཇོག་རྒྱུར་བཀའ་བསྡུར་གནང་བ་ཡང་དང་པོ་ཡིན་པ་རེད། སྲིད་བློན་མོ་དྷི་མཆོག་གིས་སོག་པོའི་སྲིད་བློན་དངལྷན་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་གནང་སྐབས་གསུངས་དོན་ལ་ རྒྱ་གར་གཞུང་གིས་སོག་ཡུལ་གྱི་དཔལ་འབྱོར་དང་ཕྱིའི་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཆེད་ཨ་རིའི་སྒོར་མོ་ཐེར་འབུམ་གཅིག་གི་བསྐྱེད་མེད་བུན་གཏོང་རོགས་པ་བྱ་རྒྱུའི་གསལ་བསྒྲགས་གནང་ཐུབ་པ་དེར་དགའ་བོ་བྱུང་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG