ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་གྱི་སྲིད་བློན་དང་ས་ཡོམ་གྱི་གོད་ཆག


ཁ་སྔོན་ཕྱི་ཟླ་༤་ཚེས་༢༥་ཉིན་བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་མི་༨༡༥༠་ཙམ་ལ་སྲོག་སྐྱོན་བྱུང་བ་དང་། ཕྱི་ཟླ་༥་ཚེས་༡༡་ཉིན་བལ་ཡུལ་ལ་སླར་ཡང་ས་ཡོམ་འགུལ་ཚད་༧་དང་གྲངས་ཆུང་༣་ཅན་ཞིག་བརྒྱབ་སྟེ། མི་༩༦་ལ་སྲོག་སྐྱོན་དང་མི་སྟོང་ཕྲག་འགའ་ཞིག་ལ་རྨས་སྐྱོན། ད་དུང་བལ་ཡུལ་གྱི་གྲོང་གསེབ་པ་སྟོང་ཕྲག་མང་པོའི་ཁང་པར་གཏོར་བཤིག་ཕོག་ཡོད་ཅིང་། བལ་ཡུལ་གྱི་ཅ་རི་ཀོད་རྫོང་ཁོངས་ཀྱི་མི་དམངས་རྣམས་སྲང་ལམ་ཁག་ཏུ་འཚོ་གནས་བྱ་དགོས་ཐུག་ཡོད་པས། སྲིད་བློན་སུ་ཤིལ་ཀོ་རེ་ལ་བལ་ཡུལ་ལ་ས་འགུལ་ཆེན་པོ་ཐེངས་གཉིས་པ་རྒྱུག་ས་དེར་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་ང་ཚོས་ས་ཡོམ་གྱི་གནོད་འཚེ་ཆེན་པོ་འདི་འདྲ་ཞིག་གདོང་ལེན་བྱ་ཐུབ་པའི་གྲ་སྒྲིག་བྱས་མེད། བལ་ཡུལ་ལ་དབྱར་དུས་ཀྱི་ཆར་ཞོད་ཚུགས་གྲབས་ཡོད་པ་དང་། མི་མང་ལ་སྡོད་ཁང་མེད་པར་ས་སྟོང་དུ་ལུས་རྒྱུའི་ཉེན་ཀ་འདུག ང་ཚོར་གུར་དང་འགྱིག་ཤོག་སོགས་མི་མང་ལ་སྡོད་གནས་དགོས་ཀྱིན་འདུག ཆར་ཞོད་དུས་སུ་མི་དམངས་རྣམས་ཆར་པའི་ནང་དུ་འཚོ་ཐབས་མེད་ཅེས་སྡུག་སྐད་བརྒྱབ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG