ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་སྐྱོང་གི་ཨ་རིའི་རྒྱལ་སའི་མཛད་འཆར་དང་ཕྱོགས་སྐྱོད།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གསུང་བཤད་གནང་རྒྱུ་མ་ཟད། ཨ་རིའི་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༥ ཟླ་༥ ཚེས་༡༢ ཉིན་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་ཕེབས་འབྱོར་གནང་སྟེ། རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྒྱ་རིགས་སློབ་མ་དང་ཤེས་ལྡན་མི་སྣ་ཁག་གཅིག་བཅས་དང་ལྷན་གླེང་མོལ་གནང་རྒྱུ་ཡིན་འདུག་པ་དང་། གླེང་མོལ་གྱི་ལས་རིམ་གོ་སྒྲིག་གནང་མཁན་ནི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་མཁས་ པ་སྐུ་ཞབས་ཡང་ཅན་ལི་ཡིན་འདུག

དེ་བཞིན་དུ་སྲིད་སྐྱོང་མཆོག་གིས་སྐུ་ཚབ་དོན་གཅོད་དག་ལའང་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཨ་རིའི་རོགས་ཚོགས་གཉིས་ཐུན་མོང་གིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དགུའི་དོན་གཅོད་དང་ལས་བྱེད་བཅས་ལ་ཨ་རིའི་རྒྱལ་སའི་ཐག་ཉེའི་ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཉིན་གྲངས་བཅུའི་རིང་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གནང་འགོ་བཙུགས་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་དེའི་སྟེང་གསུང་བཤད་གནང་རྒྱུ་ཡིན་ཞིང་། ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་འཆར་ཡོད་པ་རེད།།

ཐེངས་འདིར་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༦ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ཕེབས་ནས་ཉིན་གཉིས་རིང་ས་གནས་སུ་ལས་དོན་སྤེལ་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༡༧ ཉིན་ཝ་ཤིང་ཊོན་ནས་ནིའུ་ཡོཀ་ཏུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༨ ཉིན་ས་གནས་སུ་ལས་དོན་སྤེལ་གནང་རྒྱུ་ཡིན་འདུག སྲིད་སྐྱོང་ནི་ཕྱི་ཚེས་ ༢༠ ཉིན་ཕྱིར་དྷ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་རེད།།

XS
SM
MD
LG