ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་ཟུར་པ་ལི་ཧྭ་པའོ་རང་ཡུལ་ལ་ཕྱིར་སློག


སིངྒ་པུར་གྱི་གཞུང་གིས་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་ལི་ཧྭ་པའོ་སིངྒ་པུར་ལ་གཏན་སྡོད་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་ཕྱིར་བསྡུ་བྱས་ཏེ། ཕྱི་ཟླ་ལྔ་པའི་ཚེས་༩་སྟེ། གཟའ་སྤེན་ཉིན་ལི་ཧྭ་པའོ་སིངྒ་པུར་ནས་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་ཅིང་། གནས་ཚུལ་ཐོན་པ་ཁག་ལ་གཞིགས་ན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཟུར་པ་ལི་ཧྭ་པའོ་ཡིས་རྒྱ་ནག་ནས་རྐུ་འཁྱེར་བྱས་པའི་དངུལ་སྒོར་རྣམས་སིངྒ་པུར་གྱི་དངུལ་ཁང་ཞིག་ལ་བཅོལ་ཏེ། ཁོང་ལ་སིངྒ་པུར་གྱི་སྒོར་མོ འབུམ་༢་དང་ཁྲི་ཚོ་༤་ལྷག་ཡོད་པ་དང་། ཕྱི་ལོ་༢༠༡༣ ལོར་སིངྒ་པུར་གྱི་ཁྲིམས་ཁང་ཞིག་གིས་ལི་ཧྭ་པའོ་ལ་ལོ་གཅིག་དང་ཟླ་བ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་ཁྲིམས་བཅད་པ་མ་ཟད། གོང་གི་དངུལ་སྒོར་དེ་རྣམས་ལི་ཧྭ་པའོ་ཡིས་ལོ་ངོ་ལྔའི་རིང་ལ་རྒྱ་གཞུང་གི་དངུལ་སྒོར་ས་ཡ་༡༩་ལྷག་རང་དོན་དུ་གསོག་འཇོག་བྱས་ཡོད་པ་དེའི་གྲས་ཤིག་ཡིན་པ་རེད། །

XS
SM
MD
LG