ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་དང་ཧྥི་ལི་ཕིན་གྱི་མཚོ་ཁོངས་བདག་རྩོད།


ལྷོ་རྒྱ་ནག་རྒྱ་མཚོ་ནང་གི་གླིང་ཕྲན་ཁག་ཅིག་ཧྥི་ལི་ཕིན་དང་ཝིཏ་ནམ། མ་ལེ་ཞི་ཡ་དང་རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་འགའ་ཞིག་གིས་བདག་རྩོད་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བྲག་རྡོ་ཕྱི་ལ་ཐོན་ཡོད་པ་དེ་དག་གི་སྟེང་དུ་ཨར་འདམ་བླུགས་ཏེ། ཁོ་ཚོས་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་རྩོད་གཞི་ཅན་གྱི་རང་བྱུང་གི་གླིང་ཕྲན་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་ཀྱི་ཡོད་པ་དང་། ཧྥི་ལི་ཕིན་གྱི་གནམ་དམག་དང་མཚོ་དམག་གིས་རྩོད་གཞི་ཅན་གྱི་གླིང་ཕྲན་དེ་དག་གི་མཁའ་དབྱིངས་དང་ཉེ་འཁོར་དུ་སྐོར་གཡེང་བྱ་མི་ཆོག་ཅེས་བཙན་བཀའ་གཏོང་གི་ཡོད་པས། དེ་རིང་ཕྱི་ཟླ་༥་ཚེས་༧་ཉིན་ཧྥི་ལི་ཕིན་གྱི་མཚོ་དམག་བཀོད་འདོམས་པ་གཞོན་པ་ལོ་ཕེ་ཟི་ཡིས་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། འདས་པའི་ཟླ་བ་གསུམ་གྱི་རིང་དུ་རྩོད་གཞི་ཅན་གྱི་གླིང་ཕྲན་དེ་དག་ལ་སྐོར་གཡེང་བྱེད་མཁན་ཧྥི་ལི་ཕིན་གྱི་གནམ་དམག་དང་མཚོ་དམག་རྣམས་མངའ་ཁོངས་དེ་ནས་ཕྱི་ལ་འཐོན་དགོས་ཞེས་རྒྱ་ནག་གིས་ཉེན་བརྡ་ཐེངས་དྲུག་ཙམ་བཏང་སོང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཅན་གྱི་གླིང་ཕྲན་དེ་དག་གི་མཁའ་དབྱིངས་སུ་གཞན་གྱི་གནམ་གྲུ་འཕུར་སྐྱོད་བྱ་རྒྱུ་འགོག་ཐུབ་མིན་ཚོད་ལྟ་བྱེད་ཀྱི་ཡོད་པ་འདྲ་ཞེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG