ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རི་དང་ཉི་ཧོང་གི་རྒྱལ་སྲུང་མཉམ་འབྲེལ་གྲོས་མཐུན་ལ་དོགས་ཟོན།


འཛམ་གླིང་དམག་ཆེན་གཉིས་པའི་མཇུག་བསྒྲིལ་པའི་རྗེས་སུ་ཉི་ཧོང་ལ་རང་སྲུང་གི་དམག་དཔུང་ཞིག་ལས་དྲག་པོའི་སྟོབས་ཤུགས་ཉར་འཛིན་བྱ་མི་ཆོག་ཅིང་། རྒྱལ་སྤྱིའི་ལས་དོན་ཁོངས་སུ་ཉི་ཧོང་གིས་དམག་བཏང་ནས་ལས་འགན་བསྒྲུབ་མི་ཆོག་པ་དང་ཉི་ཧོང་དམག་གི་སྟོབས་ཤུགས་མེད་པའི་ཞི་བདེའི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་གནས་དགོས་ཞེས་རྩ་ཁྲིམས་གཏན་འབེབས་བྱས་ཏེ། འདས་པའི་ལོ་ངོ་༧༠་ཙམ་ལ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀས་འགན་ལེན་བྱས་ཀྱང་། ན་ནིང་ཉི་ཧོང་གི་བློན་ཆེན་ལྷན་ཁང་གིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གཏན་འབེབས་བྱས་པའི་རྩ་ཁྲིམས་དེར་སྒྱུར་བཅོས་གཏོང་དགོས་པའི་གྲོས་ཆོད་བཞག་པ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཉི་ཧོང་ལ་ཉེན་ཀ་ཆེན་པོ་ཞིག་ཡིན། དེར་བརྟེན་ཉི་ཧོང་ལ་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་ཆོག་པའི་ཐོབ་ཐང་དགོས་ཞེས་རྒྱུ་མཚན་བགྲངས་པས། ཨ་མི་རི་ཀ་དང་ཉི་ཧོང་གི་རྒྱལ་སྲུང་གྲོས་མཐུན་བསྐྱར་བཅོས་མའི་ནང་དུ་ཉི་ཧོང་གི་དམག་ལ་ཐུན་མོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་ཡོད། མངའ་ཁུལ་དེའི་རྒྱལ་ཁབ་གང་ཞིག་ལ་རྒོལ་རྡུང་འབྱུང་ཚེ། ཉི་ཧོང་གིས་དམག་བཏང་ནས་རྒོལ་རྡུང་ཕོག་ཡུལ་རྒྱལ་ཁབ་དེར་རོགས་སྐྱོབ་བྱ་ཆོག་ཅེས་བཀོད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG