ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བལ་ཡུལ་ནང་ས་ཡོམ་བྱུང་བའི་རྗེས་ད་ཆ་མི་གསོན་པོ་རྙེད་རྒྱུའི་རེ་བ་ཇེ་ཆུང་དུ་འགྲོ་གི་ཡོད་པ།


བལ་ཡུལ་ནང་ བསྟོར་ཚབས་ཤིན་ཏུ་ཆེ་བའི་ས་ཡོམ་ཞིག་བརྒྱབས་ཏེ་ ད་ཕན་མི་གྲངས་བཞི་སྟོང་མིན་ཙམ་ཞིག་ལ་སྲོག་སྐྱོན་བྱུང་བ་མ་ཟད་ ད་དུང་མི་ཧ་ཅང་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དེ་དག་འཚོལ་ཞིབ་ཀྱི་ལས་དོན་བྱེད་བཞིན་པ་ཡིན་ནའང་ མི་དེ་རྣམས་གསོན་པོར་རྙེད་སོན་ཡོང་རྒྱུའི་རེ་བ་ད་ཆ་ཇེ་ཆུང་དུ་འགྲོ་གི་ཡོད་འདུག རྐྱེན་ངན་དེའི་ནང་སྲོག་སྐྱོན་མ་བྱུང་བའི་མི་སྟོང་ཕྲག་མང་པོ་ཡོད་པ་དེ་རྣམས་ལ་ བཟའ་བཅའ་དང་ འཐུང་ཆུ་ལྡེང་ངེས་མེད་པའི་དཀའ་ངལ་ཡོད་པའི་ཁར་ ནད་ཡམས་ཁྱབ་གདལ་དུ་འགྲོ་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པར་བརྟེན་ ད་ཆ་ རྒྱལ་སྤྱི་དང་ རྒྱལ་ནང་གི་སྲོག་སྐྱོབ་ལས་དོན་པ་རྣམས་ཀྱིས་ མི་དེ་རྣམས་ལ་ གཞི་རྩའི་དགོས་མཁོའི་རིགས་མཁོ་འདོན་བྱ་རྒྱུའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་ཡིན་འདུག

XS
SM
MD
LG